བསྟན་བཅོས་ཙིནྟ་མ་ཎི་རིན་པོ་ཆེ་འབར་བའི་ཕྲེང་བ་ཞེས་བྱ་བའི་ས་བཅད།།

An Outline for Cintamani Shastra, the Garland of Blazing Jewels

དྭགས་བརྒྱུད་བསྟན་པའི་གཙུག་རྒྱན་ཀླུ་སྒྲུབ་གཉིས་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་དམ་གྱི་སྙིང་པོར་གྱུར་པའི་སྟན་བཅོས་ཙིནྟ་མ་ཎི་ལ་ཐོས་བསམ་བྱ་བར་ཉེ་བར་མཁོ་བའི་ཕྱིར་ས་བཅད་རྣམས་ཟུར་དུ་བསྒྲིགས་པའོ།།

No Table of Contents Available

ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་ཏེ། སྤྱི་དོན་རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ་ཞེས་གཞུང་འདིའི་འགྲེལ་བ་ཐེག་ཆེན་དོན་སྟོན་ལྟར་རོ།།

༡༽ མཆོད་པར་བརྗོད་པ། ༢༽ རྩོམ་པར་དམ་བཅའ་བ། ༣༽ དགོས་འབྲེལ་བསྟན་པ་དང་གསུམ་མོ།།

༈ དང་པོ། མཆོད་པར་བརྗོད་པ་ནི།

༈ མཆོད་པར་བརྗོད་པ་འདི་ལ་ཡན་ལག་གསུམ་སྟེ། ༡ དགོས་པ་དང་། ༢ བསྡུས་དོནདང་། ༣ ཚིག་དོན་གསུམ་མོ།།

དགོས་པ་དེ་ལ་ཡང་ཡན་ལག་གསུམ་སྟེ། དང་པོ་ནི་མཆོད་པ་བྱས་པ་ཉིད་དང་། བསྟན་བཅོས་ཀྱི་ཀླད་དུའམ་དབུ་ལ་ཡོད་དགོས་པའི་རྒྱུ་མཚན་དང་། ཡི་གེར་བཀོད་པའི་དགོས་པའོ།།

གཉིས་པ་བསྡུས་དོན་ནི།

གསུམ་པ་ནི་ཚིག་དོན་ནི།

༈ གཉིས་པ། རྩོམ་པར་དམ་བཅའ་བ་ནི།

འདི་ལ་དོན་རྣམ་པ་གཉིས་ཏེ། བསྡུས་དོན་དང་ཚིག་དོན་ནོ།། དང་པོ་བསྡུས་དོན་དེ་ལ་ཡང་ནང་གསེས་གསུམ་སྟེ།

༡ གང་བཤད་བྱའི་དངོས་པོ་ནི།

༢ ཁས་བླངས་ཞལ་གྱིས་བཞེས་པ་ནི།

༣ གང་དང་སུ་ལ་གདམས་པ་ནི།

གཉིས་པ་ཚིག་དོན་ནི།

༈ གསུམ་པ། དགོས་འབྲེལ་བསྟན་པ་ནི།བསྡུས་དོན་གཉིས་ཀྱིས་བསྟན་པ་སྟེ། ༡ དགོས་འབྲེལ་བཞི་ཉིད་ངོས་བཟུང་བ་དང་། ༢ དགོས་འབྲེལ་བཞི་ཉིད་བསྟན་པའི་དགོས་པ་བསམ་པའོ།།

དང་པོ། དགོས་འབྲེལ་བཞི་ངོས་བཟུང་བ་ནི། བསྟན་བཅོས་ཀྱི་བརྗོད་བྱ་དང་། དགོས་པ་དང་། འབྲེལ་བ་དང། དགོས་པའི་དགོས་པའམ་ཉིང་དགོས་བཅས་ཡིན་ནོ།།

གཉིས་པ། དགོས་འབྲེལ་བཞི་བསྟན་པའི་དགོས་པ་བསམ་པ་ནི།

དེ་ལ་དོན་རྣམ་པ་གསུམ་སྟེ། ༡༽ འཁོར་འདས་ཀྱི་གནས་ལུགས་བསྟན་པ། ༢༽ བླ་སློབ་ཀྱི་མཚན་ཉིད་བཤད་པ། ༣༽ གདམས་ངག་བསྟན་པ་བཅས་སོ།།

༈ དང་པོ་འཁོར་འདས་གཉིས་ཀྱི་གནས་ལུགས་བསྟན་པ་ལས། འཁོར་བའི་གནས་ལུགས་བསྟན་པ་ནི།

མྱང་འདས་གནས་ལུགས་བསྟན་པ་ནི།

༈ གཉིས་པ་བླ་སློབ་ཀྱི་མཚན་ཉིད་བཤད་པ་ལས།སློབ་མའི་མཚན་ཉིད་ནི།

༈ དོན་གསུམ་པ་གདམས་ངག་བསྟན་པ་དེ་ལ། ༡༽ མདོར་བསྟན་པ་དང་། ༢༽རྒྱས་པར་བཤད་པ། ༣༽ གེགས་དང་བར་ཆད་བསལ་ལུགས་བསྟན་པའོ།།

དང་པོ་མདོར་བསྟན་ནི།

༈ གཉིས་པ་རྒྱས་བཤད་ལ་དོན་རྣམ་པ་གསུམ་སྟེ། ༡ ༽ ལམ་སྤྱིའི་མཚན་ཉིད། ༢༽ བྱེ་བྲག་རྡོ་རྗེ་ཐེག་པའི་བགྲོད་ལུགས། ༣༽ གདམས་པ་མཆོག་ཏུ་གྱུར་བ་བསྟན་པ་དང་གསུམ་མོ།།

དང་པོ་ལམ་སྤྱིའི་མཚན་ཉིད་ལའང་། དོན་རྣམ་པ་ལྔ་སྟེ། ༡༽ རྫས་དང་ལོངས་སྤྱོད་སྤོང་བ། ༢༽ འཁོར་དང་གཉེན་འདུན་སྤོང་བ། ༣༽ རང་གི་ཡུལ་སྤོང་བ། ༤༽ ལོག་པའི་སློབ་དཔོན་སྤོང་བ། ༥༽ གནས་ཀྱི་མཚན་ཉིད་དང་། གནས་དེར་འཚོ་བའི་བྱ་ལུགས་བསྟན་པ་བཅས་ལྔའོ།།

དང་པོ་རྫས་དང་ལོངས་སྤྱོད་སྤོང་བ་ནི།

གཉིས་པ་འཁོར་དང་གཉེན་འདུན་སྤོང་བ་ནི།

གསུམ་པ་རང་གི་ཡུལ་སྤོང་བ་ནི།

བཞི་པ་ལོག་པའི་སློབ་དཔོན་སྤོང་བ་ནི།

ལྔ་པ་ལ་གཉིས་ལས། དང་པོ། གནས་ཀྱི་མཚན་ཉིད་ལ་བསྟན་བཤད་བསྡུ་གསུམ་ཡོད་དེ། དང་པོ་རྩ་བ་ལས། ཀུན་ཏུ་བཟང་པོའི་ནགས་ཚལ་སོགས་རྐང་པ་གཉིས་ཀྱིས་མདོར་བསྟན་པའོ།།

གཉིས་པ་རྒྱས་བཤད་ནི།

གསུམ་པ་བསྡུ་བ་ནི།

ལྔ་པའི་གཉིས་པ།

རྒྱས་བཤད་ནི།

བསྡུ་བ་ནི།

དེ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། མཇུག་བསྡུ་བ་བཅས་གསུམ་མོ།།

མདོར་བསྟན་ནི།

རྒྱས་བཤད་ལ་དོན་རྣམ་པ་བཞི་སྟེ། ༡ བསླབ་པ་གསུམ་གྱིས་དུག་སྦྱོང་བ། ༢ རིན་ཆེན་དབང་བཞིས་སྡུག་བསྔལ་ཆོས་སུ་བསྒྱུར་བ། ༣ མ་བསྒྱུར་བའི་ཉེས་དམིགས། ༤ རྒྱུ་འབྲས་དགག་ཏུ་མེད་པ་བཅས་བཞིའོ།།

དང་པོ། བསླབ་པ་གསུམ་གྱིས་དུག་སྦྱོང་བ་ནི།

གཉིས་པ། རིན་ཆེན་དབང་བཞིས་སྡུག་བསྔལ་ཆོས་སུ་བསྒྱུར་བ་ནི།

གསུམ་པ། མ་བསྒྱུར་བའི་ཉེས་དམིགས་ནི།

བཞི་པ། རྒྱུ་འབྲས་དགག་ཏུ་མེད་པ་ནི།

གསུམ་པ་མཇུག་བསྡུ་བ་ནི།

དེ་ལ་གཉིས་སྟེ། ༡ སྔོན་འགྲོ་དང་། ༢ གདམས་པ་མཆོག་ཏུ་གྱུར་པ་དངོས་སོ།།

དེའི་དང་པོ་སྔོན་འགྲོ་ནི།

གཉིས་པ གདམས་པ་མཆོག་ཏུ་གྱུར་པ་དངོས་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། མཇུག་སྡུད་བཅས་གསུམ།

མདོར་བསྟན་ནི།

༈ རྒྱས་བཤད་ལ་གསུམ་སྟེ། ༡ སྦྱོར་བ་སེམས་བསྐྱེད། ༢ དངོས་གཞི་བསྐྱེད་རྫོགས་གཉིས། ༣ མཇུག་བསྔོ་བ་བཅས་གསུམ་མོ།།

དེའི་དང་པོ་སྦྱོར་བ་སེམས་བསྐྱེད་ནི།

༈ གཉིས་པ་དངོས་གཞི་བསྐྱེད་རྫོགས་གཉིས་ལས། དང་པོ་བསྐྱེད་རིམ་ལ་གདམས་ངག་གསུམ་སྟེ། ༡ སྐྱོན་དག་ཡོན་ཏན་རྫོགས་པར་བསྒོམ་པ་དང་། ༢ བྱང་ཆུབ་སེམས་ཀྱིས་མ་ཟིན་ཅིང་བླ་མ་ལ་མོས་གུས་མེད་ན་བསྐྱེད་རིམ་གསལ་ཡང་ཉེས་པར་འགྱུར་བ་དང་། ༣ སྦྱོར་བས་ཟིན་ཅིང་མོས་གུས་ཡོད་ན་བསྐྱེད་རིམ་གསལ་བས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའོ།།

དེ་ལ་དང་པོ་ནི།

གཉིས་པ་ཉེས་པར་འགྱུར་བ་ནི།

གསུམ་པ་སངས་རྒྱས་སུ་འགྱུར་བ་ནི།

གཉིས་པ་རྫོགས་རིམ་ལ། མཚན་བཅས་རྫོགས་རིམ་དང་། མཚན་མེད་རྫོགས་རིམ་གཉིས། དང་པོ་མཚན་བཅས་རྫོགས་རིམ་ལ། མདོར་བསྟན། རྒྱས་བཤད། བློས་བྱས་སྟོང་པ་བཅས་གསུམ།

࿉ མདོར་བསྟན་ནི།

࿉ རྒྱས་བཤད་ལ་དོན་རྣམ་པ་ལྔ་སྟེ།

དང་པོ། ངེས་ཤེས་ཁྱད་པར་ཅན་བསྐྱེད་པའི་ཕྱིར་བརྒྱུད་པ་གོང་མ་རྣམས་ཀྱིས་དགོངས་པ་གཅིག་ཏུ་བསྟན་གཉིས། མོས་གུས་གཙོ་བོར་བསྟན་པ་ལ་ནང་གསེས་གསུམ་སྟེ། ༡ སྲིད་པའི་རྩེ་མོའི་སེམས་ཀྱིས་སངས་མི་རྒྱ་བ་དང་། ༢ འོད་གསལ་བསྒོམ་པས་སངས་རྒྱ་བ་དང་། ༣ སངས་རྒྱས་ནས་ཀྱང་རང་གི་སེམས་ངོ་བསྟན་པའི་བླ་མ་ལ་བསྙེན་བཀུར་བྱ་བ་དང་གསུམ་གྱིས་མོས་གུས་གཙོ་བོར་བསྟན་པའོ།།

གསུམ་པ། རྩ་ལྟུང་གིས་མ་ཕོག་པར་སྒོམ་པའི་གནས་གསུམ་བསྟན་པ།

བཞི་པ། མཆོད་པའི་ཚོགས་ཀྱིས་རྒྱུན་ཆད་མེད་པར་མཆོད་པ་དང་བཞི།

ལྔ་པ། ལམ་ཟབ་མོ་བླ་མའི་ལམ་ཁྲིད་ཀྱི་རིམ་པ་བསྟན་པ་དང་ལྔའོ།།

དང་པོ།

གཉིས་པ། དེ་ལ་ཡན་ལག་གསུམ་ལས། ༡ དུས་གསུམ་སངས་རྒྱས་སོགས་རྐང་པ་དྲུག ༢ ནམ་མཁའི་ངོས་ལྟར་སོགས་རྐང་པ་བདུན། ༣ བླ་མ་རིན་ཆེན་སོགས་རྐང་པ་དྲུག་གོ།

གསུམ་པ། སྒོམ་པའི་གནས་ལ་ཡང་ནང་གསེས་གསུམ་སྟེ།

གནས་དང་པོ།

གནས་གཉིས་པ།

གནས་གསུམ་པ།

བཞི་པ།

ལྔ་པ། ལམ་ཟབ་མོ་བླ་མའི་ལམ་ཁྲིད་རིམ་པ་བསྟན་པ་དེ་ལ། བསྟན། བཤད། བསྡུ་བ་གསུམ་ལས།

དང་པོ་མདོར་བསྟན་ནི།

࿌ གཉིས་པ་རྒྱས་བཤད་ལ་དྲུག་སྟེ། ༡ བླ་མ་ཐ་མལ་དུ་མཐོང་བའི་དུས་དང་། ༢ ཉན་ཐོས་སུ་མཐོང་བའི་དུས་དང་ ༣ རང་རྒྱལ་དུ་མཐོང་བའི་དུས་དང་། ༤ བྱང་ཆུབ་སེམས་དཔར་མཐོང་བའི་དུས་དང་། ༥ སངས་རྒྱས་སྤྲུལ་བའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བའི་དུས་དང་གཉིས་ཀྱིས་གཟུགས་སྐུར་མཐོང་བའི་དུས་དང། ༦ བླ་མ་ཆོས་ཀྱི་སྐུར་མཐོང་བ་དང་བཅས་དྲུག་གོ།

དེའི་དང་པོ་ནི།

གཉིས་པ་ནི།

གསུམ་པ་ནི།

བཞི་པ་ནི།

ལྔ་པ། གཟུགས་སྐུར་མཐོང་བ་དེ་ལ་གཉིས་ལས་སྤྲུལ་སྐུར་མཐོང་བ་ནི།

ལོངས་སྐུར་མཐོང་བ་ནི།

དྲུག་པ་ནི།

࿊ མཇུག་བསྡུ་ནི།

࿉ མཚན་བཅས་རྫོགས་རིམ་གྱི་ས་བཅད་གསུམ་པ་བློས་བྱས་ཀྱི་སྟོང་པ་ནི།

༈ གཉིས་པ་ལམ་ཅིག་ཅར་ཕྱག་རྒྱ་ཆེན་པོ་མཚན་མེད་རྫོགས་རིམ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ།།

࿉ དང་པོ། མདོར་བསྟན་ནི།

࿉ གཉིས་པ། རྒྱས་བཤད་ལ་དོན་ལྔ་སྟེ།

༡ ཡེ་ནས་སངས་རྒྱས་ཡིན་པར་བསྟན་པ་ནི།

༢ རང་བྱུང་རང་ལས་རྙེད་པ་ནི།

༣ སྒྲིབ་གསུམ་ངང་དུ་གྲོལ་བ་ནི།

༤ ཉེས་སྐྱོན་ཐམས་ཅད་ཕྱག་རྒྱ་ཆེན་པོས་དེད་པ་ནི།

༥ སྐྱོན་དག་ཅིང་ཡོན་ཏན་རྫོགས་པར་བསྟན་པ་ནི།

࿉ གསུམ་པ། མཇུག་བསྡུ་ནི།

༈ ད་ནིི་གསུམ་པ་རྗེས་ཀྱི་བསྔོ་བ་ནི།

༈ ད་ནི་གདམས་ངག་བསྟན་པའི་དོན་གསུམ་པ་གེགས་སེལ་བསྟན་པ།

དེ་ལ་གཉིས་སྟེ། ༡༽ གེགས་སེལ་སྤྱིར་བསྟན་པ་དང་། ༢༽ བྱེ་བྲག་རྒྱུ་ལམ་འབྲས་བུ་སོ་སོའི་གེགས་སེལ་བསྟན་པའོ།།

དང་པོ་གེགས་སེལ་སྤྱིར་བསྟན་པ་ནི། རིན་ཆེན་ཆོས་བཞིའམ། གསང་སྔགས་གནད་བདུན་རྡོ་རྗེའི་དམ་ཚིག་སྟེ། ༡ སྐྱབས་འགྲོ། ༢ ཚུལ་ཁྲིམས། ༣ བྱང་ཆུབ་སེམས། ༤ ཡི་དམ་བསྐྱེད་རིམ། ༥ རྫོགས་རིམ་མཚན་བཅས་བླ་མ། ༦ མཚན་མེད་ཕྱག་ཆེན། ༧ བསྔོ་བ་བཅས་སོ།།

༈ གཉིས་པ་བྱེ་བྲག་སོ་སོའི་གེགས་སེལ་བསྟན་པ་ལ། མདོར་བསྟན། རྒྱས་བཤད། མཇུག་སྡུད་གསུམ།

དང་པོ་མདོར་བསྟན་ནི།

གཉིས་པ་རྒྱས་བཤད་ལ་གསུམ་སྟེ། རྒྱུ་དང་། ལམ་དང་། འབྲས་བུ་སོ་སོའི་གེགས་སེལ་བཤད་པའོ།།

༈ དེའི་དང་པོ་རྒྱུ་ཡི་གེགས་སེལ་ལའང་མདོར་བསྟན། རྒྱས་བཤད། མཇུག་བསྡུ་གསུམ་མོ།། དང་པོ་མདོར་བསྟན་ནི།

རྒྱས་བཤད་ལ་གསུམ་ལས། ༡ སྙིང་རྗེ་སྐྱེ་བའི་ཡུལ་ནི།

༢ སྙིང་རྗེ་སྒོམ་པ་ནི།

༣ སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་སེམས་སྒོམ་པ་ནི།

གསུམ་པ་མཇུག་སྡུད་པ་ནི།

༈ གཉིས་པ་ལམ་གྱི་གེགས་སེལ་ལ་གསུམ་སྟེ། མདོར་བསྟན་དང་ཤིན་ཏུ་མདོར་བསྟན། རྒྱས་བཤད། སྤྱི་དང་སོ་སོར་བསྟན་པ་གཉིས་ཀྱིས་མཇུག་བསྡུའོ།།

དང་པོ་མདོར་བསྟན་ནི།

གཉིས་པ་ཤིན་ཏུ་མདོར་བསྟན་ནི།

རྒྱས་བཤད་ལ་བཞི་སྟེ། ༡ ཕུང་པོའི་བདུད་དང་། ༢ ཉོན་མོངས་པའི་བདུད། ༣ ལྷའི་བུའི་བདུད། ༤ འཆི་བདག་བདུད་གཞོམ་པ་བཅས་བཞི།

༈ དང་པོ། ཕུང་པོའི་བདུད་ལ་གཉིས་སྟེ། རྒྱས་བཤད་དང་མཇུག་སྡུད་གཉིས། རྒྱས་བཤད་ལ་གསུམ་ལས།

༡ ལུས་ལྷར་སྒོམ་པ་ནི།

༢ བསྐྱེད་རིམ་བརྟན་པར་འགྱུར་བའི་གནད་ནི།

༣ སྡུག་བསྔལ་ཕུང་པོ་གནས་འགྱུར་བ་ནི།

མཇུག་སྡུད་ནི།

༈ གཉིས་པ། ཉོན་མོངས་པའི་བདུད་ལ་གསུམ་སྟེ། མདོར་བསྟན་དང་ཤིན་ཏུ་མདོར་བསྟན། རྒྱས་པར་བཤད་པ། མཇུག་བསྡུ་བའོ།།

དང་པོ་མདོར་བསྟན་ནི།

གཉིས་པ་ཤིན་ཏུ་མདོར་བསྟན་ནི།

རྒྱས་བཤད་ནི། གནད་ཀྱི་མན་ངག་རྣམ་པ་གསུམ་སྟེ། ༡༽ སོ་སོ་ཐར་པའི་སྡོམ་པ་དང་། ༢༽ བྱང་ཆུབ་སེམས་དཔའི་སྡོམ་པ། བྱང་སྡོམ་དེ་ལའང་ཡན་ལག་གཉིས་སྟེ། དྲིན་ཅན་མ་སེམས་ཅན་གྱི་དོན་དུ་ཁམས་གསུམ་དུ་རང་དབང་མེད་པར་འཇུག་པ་དང་གཅིག འགྲོ་བ་སྨིན་པར་བྱེད་པའི་ཐབས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་གཉིས་སོ། ༣༽ གསང་སྔགས་ཀྱི་དམ་ཚིག་གོ།

༈ གནད་ཀྱི་མན་ངག་དང་པོ་སོ་སོ་ཐར་པ་ལ། མདོར་བསྟན་ནི།

རྒྱས་བཤད་ནི།

མཇུག་སྡུད་ནི།

༈ གནད་ཀྱི་མན་ངག་གཉིས་པ་བྱང་སེམས་བསླབ་པ་ལ། དེའི་དང་པོ་ནི།

གཉིས་པའི་གཉིས་པ་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི།

མཇུག་སྡུད་ནི།

༈ གནད་ཀྱི་མན་ངག་གསུམ་པ་གསང་སྔགས་ལ། མདོར་བསྟན་ནི།

རྒྱས་བཤད་ལ།

བསྡུ་བ་ནི།

མན་ངག་གསུམ་ཀའི་མཇུག་སྡུད་ནི།

༈ གསུམ་པ་ལྷའི་བུའི་བདུད་ལ་གཉིས་སྟེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ།།

མདོར་བསྟན་ནི།

རྒྱས་བཤད་ལ་གཉིས་ཏེ། ༡ ཆུང་ངུར་གྱུར་པའི་བདུད་དང་ ༢ ཆེན་པོར་གྱུར་པའི་བདུད་གཉིས་སོ།།

དེའི་དང་པོ་ཆུང་ངུའི་བདུད་ལ། བསྟན་བཤད་བསྡུ་བ་གསུམ་ལས། མདོར་བསྟན་ནི།

རྒྱས་བཤད་ལ་གསུམ་སྟེ། དང་པོ། ཆུང་ངུར་གྱུར་པའི་བདུད་ནི་ཉོན་མོངས་ཅན་གྱི་སེམས་ཅན་ལ། ལས་ཀྱི་དབང་གིས་གནས་པ་དེ་ལ་མཐུན་པའི་རྫས་ཀྱིས་མཆོད་ན་མཐུ་མགོན་བྱེད་པ་དང་།

གཉིས་པ་ལ། ཡན་ལག་ནང་གསེས་གསུམ་སྟེ། ཁོ་རང་ལ་གནོད་པའི་ལོག་རྟོག་བྱུང་བས་མཐུ་དང་ནུས་པའི་སྟོབས་ཅི་ཡོད་ཀྱིས་རྣལ་འབྱོར་པ་ལ་བར་དུ་གཅོད་པ་དང་གཅིག རླུང་མཁྲིས་བད་ཀན་ལ་སོགས་ནད་ཀྱིས་སྲོག་ལ་བར་དུ་གཅོད་པ་དང་གཉིས། རྒྱུད་ལ་ཞེ་སྡང་བསྐྱེད་ནས་བར་ཆད་བྱེད་པ་དང་བཅས་གསུམ་གྱིས་ཐར་པའི་བར་དུ་གཅོད་པ་བསྟན་པ་གཉིས་པའོ།།

གསུམ་པ་དེ་ལ་སྲུང་ཐབས་བསྟན་པའོ།། དེ་ལའང་གསུམ་སྟེ། ༡ སྲུང་ཐབས་ཐུན་མོང་བ་བསྟན་པ། ༢ རྗེ་གོང་མའི་བཞེད་པ་བསྟན་པ་དང་། ༣ ཁྱད་པར་ཆོས་རྗེའི་བཞེད་པ་བསྟན་པའོ།།

དེ་ལ་རྒྱས་བཤད་ཀྱི་དང་པོ་ནི།

གཉིས་པའི་དང་པོ།

གཉིས་པའི་གཉིས་པ།

གཉིས་པའི་གསུམ་པ་ནི།

གསུམ་པ་སྲུང་ཐབས་བསྟན་པ་ལ་གཉིས་སྟེ། ཐུན་མོང་བ་བསྟན་པ་དང་། ཁྱད་པར་བའོ།།

ཐུན་མོང་བ་དེ་ལ་གཉིས་ལས། དང་པོ།

གཉིས་པ།

ཁྱད་པར་བ་བསྟན་པ་ལ་ཡང་གཉིས་ཏེ། རྗེ་གོང་མའི་བཞེད་པ་དང་། ཆོས་རྗེའི་བཞེད་པའོ།།

དང་པོ་ནི།

གཉིས་པ་ནི།

མཇུག་སྡུད་ནི།

༈ ད་ནི་གཉིས་པ་ཆེན་པོའི་བདུད་གཞོམ་པ་ལ་གཉིས་སྟེ། བདུད་འོང་ལུགས་དང་བདུད་གཞོམ་ལུགས་སོ།། དང་པོ་བདུད་འོང་ལུགས་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་གསུམ་མོ།།

མདོར་བསྟན་ནི། རྩ་བ་ལས། ཉམས་མྱོང་ཆེན་པོར་གྱུར་པ་ཡི་སོགས་རྐང་པ་དགུ།

རྒྱས་བཤད་ལ་དོན་རྣམ་པ་ལྔ་སྟེ། ༡ དང་པོ་འདོད་པའི་དབང་ཕྱུག་ཆེན་པོའི་བར་ཆད་ནི།

༢ གཉིས་པ་བརྒྱ་བྱིན་གྱི་བར་ཆད་ནི།

༣ གསུམ་པ་ཚངས་པའི་བར་ཆད་ནི།

༤ བཞི་པ་ལ་ཡན་ལག་གསུམ་ཡོད་པ་ལས།

༡ ཞི་བའི་ཏིང་ངེ་འཛིན་སྙོམས་པར་འཇུག་པ་ནི།

༢ བྱམས་སོགས་བཏང་སྙོམས་ཞི་བདེའི་བསམ་གཏན་ནི།

༣ འཇིག་རྟེན་པའི་ཕྱིན་དྲུག་ནི།

ལྔ་པ་དེ་ལའང་ཡན་ལག་གསུམ་སྟེ། ༡ མྱོང་རིག་གི་ཏིང་ངེ་འཛིན་ནི།

༢ རང་ཉིད་ཞི་བདེ་འདོད་པའི་བློ་ནི།

༣ དེ་འདྲའི་བསམ་པ་སྟོན་པ་ནི།

གསུམ་པ་མཇུག་བསྡུ་ནི།

༈ གཉིས་པ་བདུད་འཇོམས་ལུགས་ལ་གསུམ་སྟེ། བདུད་ཕམ་པར་འདོད་པས་ཤཱཀྱའི་དབང་པོའི་རྗེས་སུ་བསླབ་པ་དང་གཅིག གྲུབ་ཐོབ་གོང་མ་རྣམས་ཀྱི་རྗེས་སུ་སློབ་པ་དང་གཉིས། མཇུག་བསྡུ་བ་དང་གསུམ་མོ།།

དང་པོ་ནི།

གཉིས་པ་ནི།

གསུམ་པ་མཇུག་བསྡུ་ནི།

༈ བཞི་པ་འཆི་བདག་གི་བདུད་གཞོམ་པ་དེ་ལ་གཉིས་སྟེ། རྒྱས་བཤད་དང་མཇུག་བསྡུའོ།། རྒྱས་བཤད་ལ་གསུམ། དེའི་དང་པོ་བདག་གི་སྐྱབས་བཙལ་བ་ལ་ཡན་ལག་བཞི་སྟེ།

༡ འཆི་བདག་གི་འདུག་ལུགས་བསྟན་པ་ནི།

༢ འཆི་བདག་ལས་མ་ཐར་བས་བག་མེད་དུ་གནས་མི་རིགས་པར་བསྟན་པ་ནི།

༣ འཆི་བདག་ལས་ཐར་བའི་དུས་མེད་པར་བསྟན་པ་ནི།

༤ ཁོས་རྟག་ཏུ་བཅོམ་པས་དགའ་བ་ཐོབ་མི་སྲིད་པ་བསྟན་པ་ནི།

གཉིས་པ་ཁམས་གསུམ་ལས་རྒྱལ་བའི་ཆོས་རྗེར་གྱུར་པ་ལ་ཡང་ཡན་ལག་གསུམ་ལས།

༡ སྐྱབས་བླ་མ་དམ་པ་རྙེད་པ་ནི་།

༢ དེ་ལ་ལུས་སྲོག་གིས་མཆོད་པ་ནི།

༣ བླ་མ་རྡོ་རྗེ་འཆང་གིས་འཆི་བདག་བསད་པས་སེམས་ཅན་གནས་འགྱུར་ནས་ཁམས་གསུམ་ལས་རྒྱལ་བའི་ཆོས་རྗེར་གྱུར་པ་ནི།

གསུམ་པ་འཆི་བདག་བསད་པའི་ཤ་རུས་ཕུང་པོ་རྣམ་པར་སྣང་མཛད་ཆེན་པོར་གྱུར་པ་ནི།

༈ གཉིས་པ་མཇུག་བསྡུ་ནི།

༈ ལམ་གྱི་གེགས་སེལ་གྱི་ས་བཅད་གསུམ་པ་མཇུག་སྡུད་ལ་གཉིས་སྟེ། སྤྱིར་བསྟན་པ་དང་། བྱེ་བྲག་བདུད་བཞི་སོ་སོའི་མཇུག་སྡུད་དོ།།

སྤྱིར་བསྟན་པ་ནི།སོགས་རྐང་པ་ལྔའོ།།

བྱེ་བྲག་བདུད་བཞི་སོ་སོའི་མཇུག་སྡུད་ལས།

༡ ཕུང་པོའི་བདུད་ནི།

༢ ཉོན་མོངས་བདུད་ནི།

༣ ལྷའི་བུའི་བདུད་ནི།

༤ འཆི་བདག་བདུད་ནི།

༈ གསུམ་པ་བྲས་བུའི་གེགས་སེལ་ལ། མདོར་བསྟན་རྒྱས་བཤད་གཉིས། དེའི་དང་པོ་ལ་མདོར་བསྟན་དང། ཤིན་ཏུ་མདོར་བསྟན་གཉིས།

དང་པོ་མདོར་བསྟན་ནི།

གཉིས་པ་ཤིན་ཏུ་མདོར་བསྟན་ནི།

རྒྱས་བཤད་ལ་དོན་རྣམ་པ་ལྔ་སྟེ། དང་པོ་བདག་རྐྱེན་ཆོས་སྐུ་ངོས་བཟུང་བ་དེ་ལ་བསྟན་བཤད་བསྡུས་གསུམ་ལས། དང་པོ་མདོར་བསྟན་ནི།

གཉིས་པ་རྒྱས་བཤད་ནི།

གསུམ་པ་བསྡུ་བ་ནི།

གཉིས་པ་ལ་གཉིས་ལས། ༡ གཞན་རྐྱེན་སྙིང་རྗེའི་རྟེན་འབྲེལ་གྱིས་ས་བཅུ་སྦྱངས་ནས་སངས་རྒྱས་གཟུགས་སྐུར་བསྟན་པ་ནི།

༢ གཉིས་ཀའི་རྐྱེན་ལ་ལྟོས་པས་སྐུ་གསུམ་དབྱེར་མེད་དུ་འགྲོ་བ་སྨིན་པར་མཛད་པ་ནི།

གསུམ་པ། ལུས་ངག་ཡིད་གསུམ་དག་པའི་ཆོས་སྐུ་ཡོན་ཏན་འཕྲིན་ལས་དང་བཅས་བསྟན་པ་ནི།

བཞི་པ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དོན་བསྡུ་དང་བཅས་པ་བསྟན་པ་ནི།

ལྔ་པ། ཆོས་རྗེའི་ཐུགས་དགོངས་རབ་མཆོག་བླ་ན་མེད་པ་བསྟན་པ་ནི།

རྒྱུ་ལམ་འབྲས་བུ་གསུམ་ཀའི་མཇུག་སྡུད་ནི།

༈ སྤྱི་དོན་གསུམ་པ་མཐའ་མར་དགེ་བ་མཇུག་གི་དོན་ལ་བཞི་སྟེ། ༡ གང་ཟག་རབ་ལ་མཁོ་བ་ནི།

༢ བཟོད་གསོལ་ནི།

༣ སྨོན་ལམ་ཤོ་ལོ་ཀ་གཅིག་ནི།

༤ བསྟན་བཅོས་ཀྱི་མཚན་བསྟན་པ་ནི།

Other Volumes in This Series: