དགོངས་གཅིག་གསལ་བྱེད་ཞུས་ལན་བརྒྱ་དང་གོ་གསུམ་གཅེས་པའི་སྙིང་པོ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ།།

Hundred and Ninety-Three Essential Answers Elucidating the Single Intention and Dispelling the Darkness of Ignorance

ཆོས་ཀྱི་རྗེ་འཇིག་རྟེན་གསུམ་གྱི་མགོན་པོ་རྒྱལ་བ་འབྲི་གུང་པ་ཆེན་པོ་དེ་ཉིད་འཁོར་འདུས་པ་རྒྱ་མཚོའི་ཚོགས་ཀྱི་དཀྱིལ་འཁོར་དུ་མི་འཇིགས་སེངྒེའི་ཁྲི་ལ་སྐུ་དྲང་པོར་བཞུགས་ཏེ་ཞི་བའི་སྤྱན་གྱིས་གདུལ་བྱ་མཐའ་ཡས་ལ་གཟིགས་ཤིང་། དགྱེས་པའི་ཞལ་རས་འཛུམ་པའི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། དུང་གི་ཚེམས་བར་ནས་དམ་པའི་ཆོས་རབ་འབྱམས་ཐུབ་པའི་གསུང་རབ་ཐམས་ཅད་དང༌ཆོས་རྗེའི་ཐུགས་དགོངས་དྲི་མ་མེད་ཅིང་གཅིག་པའི་གནད། འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་རང་སེམས་སྟོང་པ་ལས་རྒྱུ་འབྲས་སྤུ་རིས་མ་འདྲེས་པར་འབྱུང་བའི་ཚུལ་ལ་བརྩམས་ཏེ་འཇིགས་མེད་སེངྒེའི་ང་རོ་འགྲན་ཟླ་དང་བྲལ་བ་བསྒྲགས་པ་ན། ཞབས་དྲུང་དུ་ལྷགས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཡང་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་དྲི་བ་བྱ་བའི་སྤོབས་པ་དང་ལྡན་པར་གྱུར་ནས་ཞུ་བ་སྣ་ཚོགས་ཞུས་པ་ལ་ལན་དུ་གསུངས་པ་རྣམས་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱིས་བསྡུས་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པའོ།།

No Table of Contents Available

No Outline Available

Other Volumes in This Series: