ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་པ་དགོས་འདོད་སྩོལ་བ་མཆོག་གི་ནོར་བུའི་གཏེར་བཞུགས་སོ།།

Instructions on the Fivefold Mahamudra: A Treasury of Wish-Fulfilling Jewels

ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་མན་ངག་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། ཁྱད་པར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མཐའ་དག་རྡོ་རྗེ་འཆང་ཆེན་པོས་རིང་རྒྱུད་ན་གྲུབ་ཐོབ་བཀའ་བབས་བཞི། ཉེ་རྒྱུད་ན་ས་ར་ཧ་དང་ཏཻ་ལོ་པ་ལ་གདམས་ཤིང་། ཏེ་ལོས་རྗེ་ནཱ་རོ་པ་རྗེས་སུ་བཟུང་། ས་ར་ཧས་ཀླུ་སྒྲུབ་ཡབ་སྲས་དང་། དེས་མི་ཏྲི་པ་རྗེས་སུ་བཟུང། ནཱ་རོ་མི་ཏྲིའི་གདམས་པ་གཅིག་ཏུ་འདུས་པ་རྗེ་མར་པས་སྤྱན་དྲངས་ཏེ་བོད་ཡུལ་དུ་ཐེག་པ་ཆེན་པོའི་བསྟན་པ་ཉིན་མོར་མཛད་པས། ཁྱད་པར་དཔལ་ཕག་མོ་གྲུ་པ་དང་འབྲི་གུང་པ་འཇིག་རྟེན་གསུམ་གྱི་མགོན་པོས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལ་ཐུགས་རྩིས་སུ་མཛད་དེ་ཕྱག་རྒྱ་ཆེན་པོ་སེང་གེ་དང་འདྲ་ཡང་ལྔ་ལྡན་མེད་ན་མིག་མེད་ཡིན་ཞེས་གྲགས་པ་ཡིན་ནོ།།

No Table of Contents Available

No Outline Available

You might be interested in: