རྗེ་དྭགས་པོ་རིན་པོ་ཆེའི་ཚོགས་ཆོས་ཆེན་པོ་བཞུགས་སོ།།

The Great Collection of Discourses Meant for an Assembly

The Great Collection of Discourses Meant for an Assembly
བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ལ་བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་དུ་དབང་བསྐུར་ཞིང་ལུང་བསྟན་ནས་ཁ་བ་ཅན་དུ་སྐུ་འཁྲུངས་ཤིང་། བླ་མ་ཆེན་པོ་ནཱ་རོ་པ་དང་། དཔལ་ཨ་ཏི་ཤ་གཉིས་ཀྱི་གདམས་པ་ཕྱིན་ཅི་མ་ལོག་པ་ངེས་པར་ཐུགས་སུ་ཆུད་པའི་དགེ་བའི་བཤེས་གཉེན་ཆེན་པོ། སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་འཁོར་དགེ་འདུན་འདུས་པའི་ཚོགས་པ་ལ་གསུངས་པའི་སྒྲོས། དགེ་སློང་ཤེས་རབ་གཞོན་ནུས་ཡི་གེར་བཀོད་པ་འདིར། སྤྱིར་ཆོས་བྱེད་པ་ལ་གཞི་དད་པ། ལམ་བརྩོན་འགྲུས། གྲོགས་ཤེས་རབ་གསུམ་ལ་བསླབ་དགོས་ཚུལ། ཕྱི་ལྟ་བའི་གོ་ཆ་དང་། ནང་ཤེས་རབ་ཀྱི་གོ་ཆ་གཉིས་ལ་བརྟེན་ནས་ལྷན་ཅིག་སྐྱེས་སྦྱོར་ལམ་དུ་ཁྱེར་ཚུལ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་བསྟེན་ནས་ཐུན་མོང་མ་ཡིན་པའི་ལམ་གསང་སྔགས་ཀྱི་སྒོར་འཇུག་ཚུལ། ཕྱག་རྒྱ་ཆེན་པོ་རྟོགས་པའི་རྣལ་འབྱོར་པ་ལ་ལྟ་བ་འདོད་པ་གཉིས་དང་བྲལ་བ། སྒོམ་པ་གོ་རིམ་པ་གསུམ་དང་བྲལ་བ། སྤྱོད་པ་སྔ་ཕྱི་གཉིས་དང་བྲལ་བ། འབྲས་བུ་རེ་དྭོགས་གཉིས་དང་བྲལ་བ་ཞིག་དགོས་ཚུལ། ཐེག་པ་ཆེན་པོའི་ལུགས་ཀྱི་སྲུང་སྡོམ་དང་། བསགས་སྦྱང་དང་། སྦྱིན་གཏོང་གི་རིམ་པ་ཅི་བྱེད་ཀྱང་དངོས་པོ་གཙོ་མི་ཆེ་ཞིང་བསམ་པ་གཙོ་ཆེ་བ་ཡིན་ཚུལ། བཀའ་གདམས་པའི་ལུགས་ཀྱིས་སློབ་མས་ཆོས་བཅུ་ཡི་སྒོན་ནས་བླ་མ་བསྟེན་ཚུལ་སོགས་ཞལ་གདམས་ཟབ་མོ་དུ་མ་གཅིག་ཏུ་བསྡུས་པའོ།།

No Table of Contents Available

No Outline Available

Other Volumes in This Series: