མགོན་པོ་ཟླ་འོད་གཞོན་ནུས་མཛད་པའི་ཚོགས་ཆོས་ལེགས་མཛེས་མ་བཞུགས་སོ།།

Dharma for the General Public, Wonderous Beauty

འགྲོ་བའི་མགོན་པོ་དཔལ་ལྡན་སྒམ་པོ་པ་ཆེན་པོས་འཁོར་དགེ་འདུན་འདུས་པའི་ཚོགས་པ་ལ་གསུངས་པའི་དམ་པའི་ཆོས། ཉེ་གནས་སྒོམ་པ་ལེགས་མཛེས་ཀྱིས་ཆོས་རྗེ་ཉིད་ལ་ཞལ་ཏ་ཞུས་ཏེ་འཕྲི་བསྣན་དང་ལྷག་ཆད་མེད་པར་ཕྱོགས་གཅིག་ཏུ་བསྡེབས་པ་ཆོས་ཐུན་བཅུ་དགུའི་བདག་ཉིད་ཅན་འདིར། སྤྱིར་ལམ་ལ་ཕར་ཕྱིན་ཚོགས་ཀྱི་ལམ་དང་། གསང་སྔགས་ཐབས་ཀྱི་ལམ་གྱི་བགྲོད་ཚུལ་གཉིས་ཡོད་པ་ལས། འདིར་ཕྱི་མ་ཉིད་གཙོ་བོར་བྱས་པ་སྟེ། བླ་མའི་བྱིན་རླབས་ཀྱི་དྲོད་ལ་བརྟེན་ནས་ཡང་དག་པའི་ཡེ་ཤེས་ངོས་ཟིན་པའི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱེད་པ་ཟབ་མོ་གསང་སྔགས་ཀྱི་ལམ་དུ་ཞུགས་ཏེ་སྒྲུབ་པ་ཉམས་སུ་བླང་བའི་ཐབས་ལམ་གྱི་རིམ་པ་ཐ་དག་གསལ་བར་མཛད་པའོ།།

No Table of Contents Available

No Outline Available

You might be interested in: