ལུང་དོན་གསལ་བའི་མེ་ལོང།

A Mirror to Clarify the Prophesy

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་བསྟན་བཅོས་ལུང་དོན་གསལ་བྱེད་ཅེས་པ་འདིར། ཕར་ཕྱིན་ཐེག་པ་ལས་ཟབ་མོ་གསང་སྔགས་ཀྱི་ཐེག་པ་ཐབས་མང་དཀའ་བ་མེད་པ་སོགས་ཀྱིས་ཁྱད་དུ་འཕགས་པས་ན། ཟམ་ལམ་དེ་ལྟར་ཁམས་དྲུག་ལྡན་གྱི་སོ་སྐྱེ་དལ་བརྒྱད་འབྱོར་བཅུ་ཚང་བས་མ་ནོར་བར་ཚུལ་བཞིན་ཉམས་སུ་བླང་ན་རབ་སྐྱེ་བ་འདིར། འབྲིང་འཆི་ཁ་བར་དོར། ཐ་མ་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ན་འཚང་རྒྱ་བར་འགྱུར་རོ་ཞེས། དཔལ་དུས་ཀྱི་འཁོར་ལོ་སོགས་བླ་མེད་རྒྱུད་སྡེ་གོང་མ་རྣམས་དང་། འཇམ་དཔལ་རྩ་རྒྱུད་དང་རྣམ་སྣང་མངོན་བྱང་སོགས་རྒྱུད་སྡེ་འོག་མ་རྣམས་སུ་ལུང་དུ་བསྟན་པའི་ཚིག་དོན་རྣམས་མ་ནོར་བ་ཇི་བཞིན་མ་རྟོགས་པའི་སྐྱོན་སེལ་དང་བཅས་གསལ་བར་མཛད་དོ།།

No Table of Contents Available

No Outline Available

Other Volumes in This Series: