ཐུན་མོང་མ་ཡིན་པའི་གཏོར་མ།

The Uncommon Torma

ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ཐུན་མོང་མ་ཡིན་པའི་གཏོར་མ་ཞེས་བྱ་བའི་གཞུང་འདིར། སེམས་ཅན་བསད་པའི་ཤ་རྣམ་པར་སྤངས་ཤིང་། དཀར་གསུམ་མངར་གསུམ་ལ་སོགས་པ་མི་དགེ་བས་མ་སྦགས་པའི་མཆོད་རྫས་ལ་སྔགས་གསུམ་གྱིས་བྱིན་གྱིས་རླབས་ནས། བླ་མ་དང་དཀོན་མཆོག་རྣམ་པ་གསུམ་དང་། གཟུགས་གཞན་རྣམ་སྣང་། ཚོར་བ་གཞན་རིན་འབྱུང་། འདུས་ཤེས་གཞན་འོད་དཔག་མེད། འདུ་བྱེད་གཞན་དོན་ཡོད་གྲུབ་པ། རྣམ་ཤེས་གཞན་མི་བསྐྱོད་པ། ཡེ་ཤེས་གཞན་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་མིག་རྣ་སྣ་ལྕེ་སོགས་དབང་པོ་ལྔའི་གཞན་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་སོགས་ཉེ་བའི་སྲས་ཆེན་རྣམས་དང་། གཟུགས་སྒྲ་དྲི་རོ་སོགས་འདོད་ཡོན་ལྔའི་གཞན་གཟུགས་རྡོ་རྗེ་མ་སོགས་མཁའ་འགྲོ་མ་རྣམས་ལ་མཆོད་འབུལ་ཐུན་མོང་མ་ཡིན་ཇི་ལྟར་བྱེད་པའི་ཚུལ་གྱི་ཞལ་གདམས་བསྟན་པའོ།།

No Table of Contents Available

No Outline Available

Other Volumes in This Series: