གཞོན་ནུ་དོན་གྲུབ་ལ་གདམས་པ།

Advice for the Young Dondrup

ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་གཞོན་ནུ་དོན་གྲུབ་ལ་གདམས་པའི་གཞུང་འདིར། བཅོམ་ལྡན་འདས་ཀྱིས་ཡོན་ཏན་རིན་པོ་ཆེ་སྡུད་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་སོགས་མདོ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་ཆོས་དབྱིངས་བསྟོད་པ་སོགས་བསྟན་བཅོས་རྣམས་སུ་དོན་དམ་བདེན་པ་ཡིན་ན་ཟད་པ་དང་འཕེལ་བའི་ཆོས་མ་ཡིན་པས་ན། ཟད་པ་དང་འཕེལ་བས་སྟོང་པའི་སྟོང་གཞི། སྐྱོན་དང་། ནོར་བ་དང་། གཞན་དུ་འགྱུར་བས་སྟོང་པའི་སྟོང་གཞི། སྐྱེ་བ་དང་འགག་པས་སྟོང་པའི་སྟོང་གཞི་དོན་དམ་བདེན་པ་ཡིན་པར་གསུངས་པ་ནི་རྫོགས་ལྡན་གྱི་ཆོས་ཚུལ་ཟབ་མོའི་དགོངས་པ་གཞན་སྟོང་དོན་དམ་པའི་བདེན་པ་བསྟན་པ་ཡིན་པས། དེ་ལྟར་མཐོང་ཞིང་རྟོགས་ན་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ལེགས་ཤིང་། གཞན་དག་ལའང་ཕན་སེམས་ཀྱིས་དེ་ལྟར་བསྟན་དགོས་སོ་ཞེས་གདམས་པའོ།།

No Table of Contents Available

No Outline Available

Other Volumes in This Series: