སྐུ་གསུམ་ངོ་སྤྲོད་ཀྱི་རྣམ་པར་བཤད་པ་མདོ་རྒྱུད་བསྟན་པ་མཐའ་དག་གི་ཨེ་ཝཾ་ཕྱག་རྒྱ། སྟོད་ཆ།

E-Wam mudra of All Teachings of Sutra and Tantra: An Extensive Introduction to the Three Kayas - Vol. 1

སྟོན་པ་དེའི་ཡུམ་ཤེས་རབ་མ་གང་གིས་འཁྱུད་པ་ན་བདེ་བ་ཆེན་པོ་དང་འབྲལ་མི་ཤེས་པར་ཐོབ་ནུས་པ་དེ་གང་ཞེ་ན། དེ་ནི་སྟོན་པ་རང་ཉིད་དང་གདོད་ནས་འབྲལ་མི་ཤེས་པར་བསྐྱེད་བྱེད་ཀྱི་ཡུམ་སྟོན་པ་རང་ཉིད་ཀྱི་བཞེད་དགུ་ཅོག་སྒྲུབ་པར་བྱེད་པའི་ཆོས་ཀྱི་རྒྱུ་དུས་གསུམ་དུ་བདེ་དགའི་དངོས་པོའི་ཚོགས་ཇི་ལྟར་དབྱུངས་ཀྱང་ཟད་མི་ཤེས་པ། གཙོ་བོའི་རིགས་ལས་རིགས་གཞན་དུ་མི་འགྲོ་བ། ཟུང་དུ་འཇུག་པས་རང་འོད་ཀྱི་རིག་མ་ཞེས་བྱ་བ་སྟེ་རིག་མ་འདི་དང་། རིགས་བདག་འདི་ཉིད་རྒྱུད་གཅིག་གམ་ཐ་དད་ཅེ་ན། ཆོས་དབྱིངས་རྣམ་པར་དག་པའི་རིགས་ཀྱི་དབང་དུ་བྱས་ན་འཁོར་འདས་ཀྱི་འགྲོ་བ་ཐམས་ཅད་ཀྱང་རྒྱུད་གཅིག་ཏུ་བསྡུ་ན། འདིའི་རྒྱུད་གཅིག་ཏུ་གྲུབ་པ་དང་མི་གྲུབ་པ་དོགས་པར་མི་བྱ་ལ། ཆོས་ཀྱི་དབྱིངས་ཟད་པ་མེད་པ་ལ་སྐུ་དང་ཡེ་ཤེས་ཟད་པ་མེད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཟད་པ་མེད་པའི་དབང་དུ་ན་རྒྱུད་ཐ་དད་པ་ལྟར་སྣང་ཡང་མི་འགལ་ཏེ། རང་ཉིད་ཀྱི་རིགས་ལས་འཕྲོས་པའི་རིགས་མཐའ་ཡས་པ་ཐམས་ཅད་ཀྱང་རིགས་དང་རྒྱུད་ཐ་དད་པར་སྤྲོ་ཞིང་། དེ་ལྟ་ནའང་རིགས་དང་རྒྱུད་ཐ་དད་པ་དེའང་རིགས་དང་རྒྱུད་གཅིག་གི་ཁོངས་སམ་ཕྱག་རྒྱ་ལས་འདའ་བ་མེད་པའི་ཕྱིར་རོ།།

པར་སྐྲུན་གསལ་བཤད།

སྐུ་གསུམ་ངོ་སྤྲོད་ཀྱི་རྣམ་པར་བཤད་པ་བསྟན་པ་མཐའ་དག་གི་ཨེ་ཝཾ་ཕྱག་རྒྱ་བཞུགས་སོ། །

པར་སྐྲུན་གསལ་བཤད།

སྐུ་གསུམ་ངོ་སྤྲོད་ཀྱི་རྣམ་པར་བཤད་པ་བསྟན་པ་མཐའ་དག་གི་ཨེ་ཝཾ་ཕྱག་རྒྱ་བཞུགས་སོ། །

དཔལ་ལྡན་བླ་མ་མཆོག་རྣམས་ལས་ཇི་ལྟར་བརྒྱུད་པ་དང༌། ཇི་ལྟར་བརྒྱུད་པའི་དམ་པའི་ཆོས་དངོས་སོ། །དང་པོ་༼དཔལ་ལྡན་བླ་མ་མཆོག་རྣམས་ལས་ཇི་ལྟར་བརྒྱུད་པ་༽ནི།

ཞེས་བྱ་བའི་སྐུ་གསུམ་ངོ་སྤྲོད་ཀྱི་བླ་མ་བརྒྱུད་པའི་ཚུལ་ནི།

གཉིས་པ་ཇི་ལྟར་བརྒྱུད་པའི་དམ་པའི་ཆོས་ལ་གསུམ། བློ་རིམ་གྱིས་སྦྱངས་ནས་ལམ་གྱི་རྟེན་ལ་སྦྱོར་བ་དང༌། བློ་འབྱོངས་པའི་ལམ་དངོས་ལ་སྦྱོར་བ་དང༌། བློའི་བྱེད་པ་རྫོགས་ནས་ལམ་གྱི་འབྲས་བུ་མཐར་ཐུག་བཤད་པའོ། །དང་པོ་༼བློ་རིམ་གྱིས་སྦྱངས་ནས་ལམ་གྱི་རྟེན་ལ་སྦྱོར་བ་༽ནི།

ཡོན་ཏན་བདུན་ནི།

འཁོར་ལོ་ཆེན་པོ་བཞི་ནི།

དེའི་རྒྱུ་འབྲས་ཀྱི་རྩ་བ་སྐྱབས་སུ་འགྲོ་བ་ནི།

གཉིས་པ་དེ་ལྟར་བློ་འབྱོངས་པས་ལམ་དངོས་ལ་གཉིས། སྦྱོར་བ་ལ་ཐེག་དམན་གྱི་ལམ་ཞར་བྱུང་དུ་ཡར་ལྡན་དུ་རྫོགས་ཚུལ་དང༌། ཐེག་ཆེན་གྱི་ལམ་དོན་དུ་གཉེར་བྱའི་གཙོ་བོར་བྱས་ཏེ་སྒྲུབ་ཚུལ་ལོ། །དང་པོ་༼སྦྱོར་བ་ལ་ཐེག་དམན་གྱི་ལམ་ཞར་བྱུང་དུ་ཡར་ལྡན་དུ་རྫོགས་ཚུལ་༽ནི།

གཉིས་པ་ཐེག་ཆེན་གྱི་ལམ་དོན་དུ་གཉེར་བྱ་གཙོ་བོར་བྱས་ཏེ་སྒྲུབ་པ་ལ་གཉིས། རྒྱུ་ལམ་དུ་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དང༌། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མོ། །དང་པོ་༼རྒྱུ་ལམ་དུ་བྱེད་པ་ཕ་རོལ་ཏུ་ཕྱིན་པ་༽ལ་གཉིས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྤྱོད་པས་བསོད་ཚོགས་ལས་གཟུགས་ཀྱི་སྐུ་སྒྲུབ་པ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྤྱོད་པས་ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་སྒྲུབ་པའོ། །དང་པོ་༼ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྤྱོད་པས་བསོད་ཚོགས་ལས་གཟུགས་ཀྱི་སྐུ་སྒྲུབ་པ་༽ནི།

མཇུག་ཆོག་ལ། བདག་དགའ་བ་སྒོམ་པ་དང༌། གཞན་དགའ་བ་བསྐྱེད་པ་དང༌། སེམས་བསྐྱེད་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་༼བདག་དགའ་བ་སྒོམ་པ་༽ནི།

གཉིས་པ་༼གཞན་དགའ་བ་བསྐྱེད་པ་༽ནི།

གསུམ་པ་༼སེམས་བསྐྱེད་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་༽ནི།

ད་ནི་འཇུག་སེམས་དང་དེའི་སྡོམ་པའི་བསླབ་བྱ་ལ། སྤང་བར་བྱ་བའི་དང༌། བླང་བར་བྱ་བའི་བསླབ་བྱ་གཉིས་ལས། དང་པོ་༼སྤང་བར་བྱ་བ་༽ལ། རྩ་བའི་ལྟུང་བའི་དབྱེ་བ་དང༌། ཉེས་བྱས་ཀྱི་དབྱེ་བའོ། །དང་པོ་༼རྩ་བའི་ལྟུང་བའི་དབྱེ་བ་༽ནི།

གཉིས་པ་༼ཉེས་བྱས་ཀྱི་དབྱེ་བ་༽ནི།

གཉིས་པ་བླང་བར་བྱ་བའི་བསླབ་བྱ་ལ།

གཉིས་པ་དོན་དམ་བྱང་ཆུབ་སེམས་ཀྱི་སྤྱོད་པས་ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་སྒྲུབ་པ་ལ་གཉིས། ཤེས་བྱ་བདེན་གཉིས་ཀྱིས་བསྡུས་པའི་འཆིང་གྲོལ་གྱི་ཚུལ་གཏན་ལ་དབབ། དེ་ལྟར་དབབ་ནས་ཤེས་བྱེད་བདེན་གཉིས་འཁྲུལ་མེད་ཀྱི་བླང་དོར་དུ་བྱེད་པས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བཤད་པའོ། །དང་པོ་༼ཤེས་བྱ་བདེན་གཉིས་ཀྱིས་བསྡུས་པའི་འཆིང་གྲོལ་གྱི་ཚུལ་གཏན་ལ་དབབ་༽ལ་གཉིས། ཞར་བྱུང་ཕྱི་ནང་གི་དངོས་སྨྲ་བ་དག་གི་བདེན་གཉིས་ཀྱི་འཇོག་ཚུལ་དང༌། དངོས་དོན་ཐེག་པ་མཆོག་གི་བདེན་གཉིས་ཇི་ལྟར་འཇོག་པའོ། །དང་པོ་༼ཞར་བྱུང་ཕྱི་ནང་གི་དངོས་སྨྲ་བ་དག་གི་བདེན་གཉིས་ཀྱི་འཇོག་ཚུལ་༽ནི།

གཉིས་པ་དངོས་དོན་ཐེག་པ་མཆོག་གི་བདེན་གཉིས་ཇི་ལྟར་འཇོག་པ་ལ་གཉིས། དཔལ་ལྡན་མར་མེ་མཛད་ཀྱི་བཀའ་སྲོལ་གྱི་ཚུལ་བརྗོད་པ་དང༌། དཔལ་ཤ་ཝ་རི་སོགས་ཕྱག་རྒྱ་པར་གྲགས་པའི་བཀའ་སྲོལ་གྱི་ཚུལ་བརྗོད་པའོ། །དང་པོ་༼དཔལ་ལྡན་མར་མེ་མཛད་ཀྱི་བཀའ་སྲོལ་གྱི་ཚུལ་བརྗོད་པ་༽ལ་གཉིས། དགེ་བའི་བཤེས་གཉེན་ཆེན་པོ་བྱ་ཡུལ་བའི་ལམ་རིམ་ནས་འབྱུང་བ་ལྟར་བརྗོད་པ་དང༌། དགེ་བའི་བཤེས་གཉེན་སྣེའུ་ཟུར་པའི་ལམ་རིམ་ནས་འབྱུང་བ་ལྟར་བརྗོད་པའོ། །དང་པོ་༼དགེ་བའི་བཤེས་གཉེན་ཆེན་པོ་བྱ་ཡུལ་བའི་ལམ་རིམ་ནས་འབྱུང་བ་ལྟར་བརྗོད་པ་༽ནི།

གཉིས་པ་༼དགེ་བའི་བཤེས་གཉེན་སྣེའུ་ཟུར་པའི་ལམ་རིམ་ནས་འབྱུང་བ་ལྟར་བརྗོད་པ་༽ནི།

གཉིས་པ་དཔལ་ཤ་ཝ་རི་སོགས་ཕྱག་རྒྱ་པར་གྲགས་པའི་བཀའ་སྲོལ་གྱི་ཚུལ་བརྗོད་པ་ལ་གཉིས། སྔོན་བོད་གངས་ཅན་དུ་བྱོན་པའི་ཨ་མ་ན་སི་བ་དག་གི་ལུགས་ལྟར་བརྗོད་པ་དང༌། ཕྱིས་ཀྱི་བརྒྱུད་པ་དེ་དག་གི་བཀའ་སྲོལ་འཛིན་པ་དག་གི་ལུགས་བརྗོད་པ་ལས། དང་པོ་༼སྔོན་བོད་གངས་ཅན་དུ་བྱོན་པའི་ཨ་མ་ན་སི་བ་དག་གི་ལུགས་ལྟར་བརྗོད་པ་༽ནི།

གཉིས་པ་༼ཕྱིས་ཀྱི་བརྒྱུད་པ་དེ་དག་གི་བཀའ་སྲོལ་འཛིན་པ་དག་གི་ལུགས་བརྗོད་པ་༽ནི།

གཉིས་པ་དེ་ལྟར་གཏན་ལ་དབབ་ནས་ཤེས་བྱེད་བདེན་གཉིས་འཁྲུལ་མེད་ཀྱི་བླང་དོར་དུ་བྱེད་པས་ཇི་ལྟར་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ཉམས་ལེན་ནོ། །དང་པོ་༼སྔོན་འགྲོ་༽ནི།

གཉིས་པ་དངོས་གཞི་ལ་གཉིས། ཞི་ལྷག་གི་རྣལ་འབྱོར་སྤྱིར་བཤད་པ་དང༌། ཞི་ལྷག་གི་རྣལ་འབྱོར་སོ་སོར་སྒྲུབ་པའོ། །དང་པོ་༼ཞི་ལྷག་གི་རྣལ་འབྱོར་སྤྱིར་བཤད་པ་༽ནི།

གཉིས་པ་ཞི་ལྷག་གི་རྣལ་འབྱོར་སོ་སོར་སྒྲུབ་པ་ལ་གཉིས། ཞི་གནས་ཀྱི་རྣལ་འབྱོར་བསྒྲུབ་པ་དང༌། ལྷག་མཐོང་གི་རྣལ་འབྱོར་བསྒྲུབ་པའོ། །དང་པོ་༼ཞི་གནས་ཀྱི་རྣལ་འབྱོར་བསྒྲུབ་པ་༽ལ་གཉིས། ཞི་གནས་སྒྲུབ་པའི་ཡན་ལག་དང༌། ཞི་གནས་དངོས་བསྒྲུབ་པའོ། །དང་པོ་༼ཞི་གནས་སྒྲུབ་པའི་ཡན་ལག་༽ལ་གསུམ། མཐུན་པའི་ཡུལ་ན་གནས་པ། ཚུལ་ཁྲིམས་རྣམ་པར་དག་པ། གཡེང་བའི་རྐྱེན་དང་བྲལ་བའོ། །དང་པོ་༼མཐུན་པའི་ཡུལ་ན་གནས་པ་༽ནི།

གཉིས་པ་ཚུལ་ཁྲིམས་རྣམ་པར་དག་པ་ནི།

གསུམ་པ་གཡེང་བའི་རྐྱེན་སྤང་བ་ལ།

གཉིས་པ་ཞི་གནས་དངོས་སྒྲུབ་པ་ལ་གཉིས། ཐེག་པ་དམན་མཆོག་གི་སྒྲུབ་ལུགས་སྤྱིར་བསྟན་པ། ཁྱད་པར་བརྒྱུད་པ་འདིའི་སྒྲུབ་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་༼ཐེག་པ་དམན་མཆོག་གི་སྒྲུབ་ལུགས་སྤྱིར་བསྟན་པ་༽ལ་བཞི། ཞི་གནས་སྒྲུབ་པ་ལ་དམིགས་པའི་དངོས་པོ་དང༌། ཡིད་ལ་བྱེད་པའི་ཁྱད་པར་དང༌། དེ་ལ་སེམས་གནས་པའི་ཐབས་དང༌། སེམས་གནས་པའི་ཐབས་དང་འབྲས་བུའོ། །དང་པོ་༼ཞི་གནས་སྒྲུབ་པ་ལ་དམིགས་པའི་དངོས་པོ་༽ལ་གསུམ། ཉོན་མོངས་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང༌། དད་པས་རྗེས་སུ་འབྲང་བའི་དམིགས་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་པའི་དམིགས་པའོ། །དང་པོ་༼ཉོན་མོངས་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་༽ནི།

གཉིས་པ་དད་པས་རྗེས་སུ་འབྲང་བའི་དམིགས་པ་ནི།

གསུམ་པ་ཆོས་ཀྱི་རྗེས་འབྲང་གི་དམིགས་པ་ནི།

འདིའི་དོན་ལ་སེམས་དྲུག་སྟེ། རྩ་བ་དང༌། རྗེས་སུ་དཔྱོད་པ་དང༌། རྣམ་པར་དཔྱོད་པ་དང༌། ངེས་པར་འཛིན་པ་དང༌། སྡོམ་པ་དང༌། སྨོན་ལམ་གྱི་སེམས་སོ། །དང་པོ་༼རྩ་བ་༽ནི། ཟབ་པ་དང་རྒྱ་ཆེན་པོ་སྟོན་པ་ཐེག་པ་ཆེན་པོའི་གསུང་རབ་མདོ་སྡེ་ས་བཅུ་པ་ལྟ་བུའི་མཚན་པ་ལ་དམིགས་ཏེ་འདི་ནི་ས་བཅུ་པའོ་སྙམ་དུ་ཡིད་ལ་བྱེད་པའོ། །

གཉིས་པ་༼རྗེས་སུ་དཔྱོད་པ་༽ནི།

གསུམ་པ་༼རྣམ་པར་དཔྱོད་པ་༽ནི།

བཞི་པ་༼ངེས་པར་འཛིན་པ་༽ནི།

ལྔ་པ་༼སྡོམ་པ་༽ནི།

དྲུག་པ་༼སྨོན་ལམ་གྱི་སེམས་སོ༽ནི།

གཉིས་པ་ཡིད་ལ་བྱེད་པའི་ཁྱད་པར་ལ་ཡིད་ལ་བྱེད་པ་བཅུ་གཅིག་ལས། ངོ་བོས་དབྱེ་ན་གསུམ། ལམ་གྱི་དབྱེ་ན་གསུམ། དམིགས་པས་དབྱེ་ན་གསུམ། སྦྱོར་བས་དབྱེ་ན་གཉིས་སོ། །དང་པོ་༼ངོ་བོས་དབྱེ་ན་༽ནི།

གཉིས་པ་ལམ་གྱི་སྒོ་ནས་དབྱེ་བ་ལ།

གསུམ་པ་དམིགས་པའི་སྒོ་ནས་དབྱེ་བ་ལ།

བཞི་པ་སྦྱོར་བའི་སྒོ་ནས་དབྱེ་བ་ལ།

གསུམ་པ་སེམས་གནས་པའི་ཐབས་ནི།

བཞི་པ་སེམས་གནས་པའི་འབྲས་བུ་ལ་གསུམ། ཚོགས་སྒྲུབ་པའི་རྟེན་བསམ་གཏན་གྱི་དངོས་གཞི་ཐོབ་པ། དེ་ལ་བརྟེན་ནས་མངོན་ཤེས་ཀྱི་ཚོགས་སྒྲུབ་པ། དེ་ལས་རྣམ་གྲོལ་དང་ཆོས་སྐུའི་རྟགས་འབྱུང་བའོ། །དང་པོ་༼ཚོགས་སྒྲུབ་པའི་རྟེན་བསམ་གཏན་གྱི་དངོས་གཞི་ཐོབ་པ་༽ནི།

གཉིས་པ་དེ་ལ་བརྟེན་ནས་མངོན་ཤེས་ཀྱི་ཚོགས་སྒྲུབ་པ་ལ་གསུམ། ཚོགས་སྒྲུབ་པའི་རྒྱུ། ཚོགས་སྒྲུབ་པ་དངོས། ཚོགས་དེའི་བྱེད་པ་ལས་སོ། །དང་པོ་༼ཚོགས་སྒྲུབ་པའི་རྒྱུ་༽ནི།

གཉིས་པ་ཚོགས་སྒྲུབ་པ་དངོས་ནི།

གསུམ་པ་ཚོགས་ཀྱི་བྱེད་པ་ནི།

གསུམ་པ་དེ་ལས་རྣམ་གྲོལ་དང་ཆོས་སྐུའི་རྟགས་འབྱུང་བ་ལ་གཉིས། རྣམ་གྲོལ་གྱི་རྟགས་དང༌། ཆོས་སྐུའི་རྟགས་སོ། དང་པོ་༼རྣམ་གྲོལ་གྱི་རྟགས་༽ནི།

གཉིས་པ་ཆོས་སྐུའི་རྟགས་ནི།

གཉིས་པ་ཁྱད་པར་བརྒྱུད་པ་འདིའི་སྒྲུབ་ལུགས་བྱེ་བྲག་ཏུ་བཤད་པ་ལ་གཉིས། ལུས་ཀྱི་བཞག་ཐབས་དང༌། སེམས་ཀྱི་བཞག་ཐབས་ཇི་ལྟར་བྱ་བའོ། །དང་པོ་༼ལུས་ཀྱི་བཞག་ཐབས་༽ནི། རྗེ་དུས་གསུམ་མཁྱེན་པའི་ཞལ་ནས།

གཉིས་པ་སེམས་ཀྱི་འཇོག་ཐབས་ནི།

གཉིས་པ་ལྷག་མཐོང་དངོས་སྒྲུབ་པ་ལ་གཉིས། ཐེག་པ་མཆོག་གི་སྒྲུབ་ལུགས་སྤྱིར་བསྟན་པ། ཁྱད་པར་བརྒྱུད་པ་འདིའི་སྒྲུབ་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་༼ཐེག་པ་མཆོག་གི་སྒྲུབ་ལུགས་སྤྱིར་བསྟན་པ་༽ལ་གཉིས། མཉམ་པར་གཞག་པའི་རྣལ་འབྱོར་དང༌། སྦྱོར་བའི་རབ་ཏུ་དབྱེ་བའོ། །དང་པོ་༼མཉམ་པར་གཞག་པའི་རྣལ་འབྱོར་༽ནི།

གཉིས་པ་སྦྱོར་བའི་རབ་ཏུ་དབྱེ་བ་ལ།

གཉིས་པ་ཁྱད་པར་བརྒྱུད་པ་འདིའི་སྒྲུབ་ལུགས་བྱེ་བྲག་ཏུ་བཤད་པ་ལ་བཞི། བདག་གི་རྗེ་བླ་མས་གནས་ལུགས་ཀྱི་དོན་ལ་ཞི་ལྷག་རྣལ་འབྱོར་ཇི་ལྟར་བྱ་བའི་གནད་མཚང་བརྟོལ་བར་འདིར་བརྗོད་པ། བཀའ་བརྒྱུད་རིན་པོ་ཆེའི་གཞག་ཐབས་རྣམས་ཀྱི་དགོངས་པ་མཐར་ཐུག་ཏུ་སོང་ཚུལ་བཤད་པ། དེ་ཉིད་སྐུ་གསུམ་སྐུ་བཞི་ཉིད་ཀྱི་རྒྱུ་འབྲས་ཀྱི་རང་བཞིན་དུ་ཤེས་ནས་ཉམས་སུ་ལེན་ཚུལ་བསྟན་པ། དེ་ལྟར་ཉམས་སུ་ལེན་པ་ན་འཆིང་གྲོལ་འཁོར་འདས་རྣམ་རྟོག་ཆོས་སྐུ་སོགས་ལ་བཟང་ངན་དང་མཆོག་དམན་དུ་འཛིན་པའི་དྲི་མ་དག་ཚུལ་བསྟན་པའོ། །དང་པོ་ བདག་གི་༼རྗེ་བླ་མས་གནས་ལུགས་ཀྱི་དོན་ལ་ཞི་ལྷག་རྣལ་འབྱོར་ཇི་ལྟར་བྱ་བའི་གནད་མཚང་བརྟོལ་བར་འདིར་བརྗོད་པ༽ནི།

གཉིས་པ་བཀའ་བརྒྱུད་རིན་པོ་ཆེའི་གཞག་ཐབས་རྣམས་ཀྱི་དགོངས་པ་མཐར་ཐུག་ཏུ་སོང་ཚུལ་བཤད་པ་ནི།

གསུམ་པ་དེ་ཉིད་སྐུ་གསུམ་སྐུ་བཞི་ཉིད་ཀྱི་རྒྱུ་འབྲས་ཀྱི་རང་བཞིན་དུ་ཤེས་ནས་ཉམས་སུ་ལེན་ཚུལ་བསྟན་པ་ནི།

བཞི་པ་དེ་ལྟར་ཉམས་སུ་ལེན་པ་ན་འཆིང་གྲོལ་འཁོར་འདས་རྣམ་རྟོག་ཆོས་སྐུ་སོགས་ལ་བཟང་ངན་དང་མཆོག་དམན་དུ་འཛིན་པའི་དྲི་མ་དག་ཚུལ་བསྟན་པ་ནི།

གསུམ་པ་རྗེས་ཀྱི་ཉམས་ལེན་ནི།

གཉིས་པ་འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་གཉིས། ཤེས་པར་བྱ་བ་རྒྱུད་གསུམ་གཏན་ལ་དབབ། དེ་ཉིད་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་༼ཤེས་པར་བྱ་བ་རྒྱུད་གསུམ་གཏན་ལ་དབབ་༽ལ་གསུམ། དང་པོར་དགེ་བའི་རྒྱུ་བརྒྱུད་བཤད། བར་དུ་དགེ་བའི་ལམ་རྒྱུད་བཤད། ཐ་མར་དགེ་བའི་འབྲས་རྒྱུད་བཤད་པའོ། །དང་པོ་༼དང་པོར་དགེ་བའི་རྒྱུ་བརྒྱུད་བཤད་༽ལ་གཉིས། སེམས་ཀྱི་རྒྱུ་རྒྱུད་ཁྱད་པར་དུ་བཤད། ལུས་ཀྱི་རྒྱུ་རྒྱུད་ཞར་བྱུང་དུ་བཤད་པའོ། །དང་པོ་༼སེམས་ཀྱི་རྒྱུ་རྒྱུད་ཁྱད་པར་དུ་བཤད་༽ལ་གཉིས། རྒྱུད་གསུམ་གྱི་འབྲེལ་བསྟན། རྒྱུ་རྒྱུད་གསལ་བར་བཤད་པའོ། །དང་པོ་༼རྒྱུད་གསུམ་གྱི་འབྲེལ་བསྟན་༽ནི།

གཉིས་པ་རྒྱུ་རྒྱུད་གསལ་བར་བཤད་པ་ལ་གསུམ། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ནས་ཇི་ལྟར་བཤད་པ་དང༌། དེ་ཉིད་རྒྱུད་སྡེ་གཞན་གྱི་དགོངས་དོན་མཐར་ཐུག་པར་སོང་ཚུལ་དང༌། རྒྱུད་དེ་ལ་བརྟེན་ནས་འཁོར་འདས་ཀྱི་རྣམ་པར་གཞག་པ་ཇི་ལྟར་བྱུང་བའོ། །དང་པོ་༼རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ནས་ཇི་ལྟར་བཤད་པ་༽ལ་གཉིས། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་༼གཞན་ལུགས་དགག་པ་༽ནི། ཙོང་ཁ་པ་ཆེན་པོ་ན་རེ།

གཉིས་པ་རང་ལུགས་བཞག་པ་ལ་གཉིས། དངོས་དང༌། ཞར་ལ་ཕྱི་རོལ་པའི་བརྟགས་པ་དང་མི་མཚུངས་པའི་ཚུལ་བཤད་པའོ། །དང་པོ་༼དངོས་༽ནི། རྒྱུད་ཀྱི་རྒྱལ་པོར།

གཉིས་པ་ཞར་ལ་ཕྱི་རོལ་པའི་བརྟགས་པ་དང་མི་མཚུངས་པའི་ཚུལ་བཤད་པ་ནི།

གཉིས་པ་དེ་ཉིད་རྒྱུད་སྡེ་གཞན་གྱི་དགོངས་དོན་མཐར་ཐུག་པར་སོང་ཚུལ་ནི།

གསུམ་པ་རྒྱུད་དེ་ལ་བརྟེན་ནས་འཁོར་འདས་ཀྱི་རྣམ་བཞག་ཇི་ལྟར་འབྱུང་བ་ལ་གཉིས། འཁོར་བར་ཇི་ལྟར་འཁོར་བ་དང༌། དེ་ཉིད་ལས་ཇི་ལྟར་འདས་ཚུལ་ལོ། །དང་པོ་༼འཁོར་བར་ཇི་ལྟར་འཁོར་བ་༽ལ་གཉིས། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ལས་ཇི་ལྟར་བཤད་པ་དང༌། བཤད་པ་དེ་རྒྱུད་སྡེ་གཞན་གྱི་སྦས་དོན་གྱི་དགོངས་པར་སོང་ཚུལ་ལོ། །དང་པོ་༼རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ལས་ཇི་ལྟར་བཤད་པ་༽ལ་གསུམ། མདོ་ཙམ་དུ་བཤད་པ། དེ་ལས་ཅུང་ཟད་རྒྱས་པར་སྤྲོ། དེར་མ་མཐུས་པ་ཁ་བསྐངས་ཏེ་བཤད་པའོ། །དང་པོ་༼མདོ་ཙམ་དུ་བཤད་པ༽ནི།

གཉིས་པ་ཅུང་ཟད་རྒྱས་པར་སྤྲོས་པ་ནི།

གསུམ་པ་དེར་མ་མཐུས་པ་ཁ་བསྐང་སྟེ་བཤད་པ་ནི།

གཉིས་པ་བཤད་པ་དེ་རྒྱུད་སྡེ་གཞན་གྱི་སྦས་དོན་གྱི་དགོངས་པར་སོང་ཚུལ་ནི།

གཉིས་པ་དེ་ཉིད་ལས་ཇི་ལྟར་འདས་པའི་ཚུལ་ནི།

གཉིས་པ་ལུས་ཀྱི་རྒྱུ་རྒྱུད་ཞར་བྱུང་དུ་བཤད་པ་ལ་གསུམ། བར་སྲིད་མངལ་དུ་འཇུག་ཚུལ། དེར་ལུས་གྲུབ་ཚུལ། གྲུབ་པ་གནས་པའི་ཚུལ་ལོ། །དང་པོ་༼བར་སྲིད་མངལ་དུ་འཇུག་ཚུལ་༽ནི།

གཉིས་པ་ལུས་གྲུབ་པའི་ཚུལ་ནི།

གསུམ་པ་གྲུབ་པ་གནས་པའི་ཚུལ་ལ་གཉིས། རྩ་རླུང་ཐིག་ལེ་ཇི་ལྟར་གནས་པའི་ཚུལ་དང༌། དེར་རླུང་ཐིག་ཇི་ལྟར་རྒྱུ་ཚུལ་ལོ། །དང་པོ་༼རྩ་རླུང་ཐིག་ལེ་ཇི་ལྟར་གནས་པའི་ཚུལ་༽ནི།

གཉིས་པ་དེར་རླུང་ཐིག་ཇི་ལྟར་རྒྱུ་ཚུལ་ལ་གཉིས། རླུང་ཇི་ལྟར་རྒྱུ་བ་དང༌། ཐིག་ལེ་ཇི་ལྟར་རྒྱུ་བའོ། །དང་པོ་༼རླུང་ཇི་ལྟར་རྒྱུ་བ་༽ལ་གཉིས། ཡེ་ཤེས་ཀྱི་རླུང་དང༌། ལས་ཀྱི་རླུང་ཇི་ལྟར་རྒྱུ་བའོ། །དང་པོ་༼ཡེ་ཤེས་ཀྱི་རླུང་༽ནི།

གཉིས་པ་ལས་ཀྱི་རླུང་ཇི་ལྟར་རྒྱུ་བ་ནི།

གཉིས་པ་ཐིག་ལེ་ཇི་ལྟར་རྒྱུ་ཚུལ་ལ་གཉིས། ཡེ་ཤེས་དང༌། ལས་ཀྱིའོ། །དང་པོ་༼ཡེ་ཤེས་༽ནི།

གཉིས་པ་ལས་ཀྱི་ནི།

གཉིས་པ་བར་དུ་དགེ་བ་ལམ་རྒྱུད་ལ་བཤད་པ་ལ་གསུམ། ལམ་ཐུན་མོང་བ་ལས་ལམ་རྒྱུད་ཁྱད་པར་འཕགས་ཚུལ། ལམ་རྒྱུད་ཉིད་ཀྱི་དམན་མཆོག་གི་བགྲོད་ཚུལ། སྐབས་དོན་འདིར་བསྟན་གྱི་ལམ་རྒྱུད་ཉིད་བཤད་པའོ། །དང་པོ་༼ལམ་ཐུན་མོང་བ་ལས་ལམ་རྒྱུད་ཁྱད་པར་འཕགས་ཚུལ་༽ལ་གཉིས། ཁྱད་པར་འཕགས་ཚུལ་དངོས་དང༌། རྒྱུ་འབྲས་ཀྱི་ཐེག་པ་སོ་སོ་ནས་འབྱུང་བའི་ས་ལམ་སྦྱོར་བའོ། །དང་པོ་༼ཁྱད་པར་འཕགས་ཚུལ་དངོས་༽ནི།

གཉིས་པ་རྒྱུ་འབྲས་ཀྱི་ཐེག་པ་སོ་སོ་ནས་འབྱུང་བའི་ས་ལམ་སྦྱོར་ཚུལ་ལ་གཉིས། སྔོན་རབས་བྱོན་པའི་གྲགས་ལྡན་དག་གི་ཇི་ལྟར་འཆད་ཚུལ་དང༌། བླ་མ་རྗེ་བཙུན་པ་ཆེན་པོའི་དགོངས་པ་ལེགས་པར་བཤད་པའོ། །དང་པོ་༼སྔོན་རབས་བྱོན་པའི་གྲགས་ལྡན་དག་གི་ཇི་ལྟར་འཆད་ཚུལ་༽ལ་གཉིས། བཞེད་པའི་རྣམ་གྲངས་བསྐྱར་བ་དང༌། དེ་ལ་ཅུང་ཟད་དཔྱད་པའོ། །དང་པོ་༼བཞེད་པའི་རྣམ་གྲངས་བསྐྱར་བ་༽ནི།

བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ནི།

གཉིས་པ་ལམ་གྱི་ས་བཅུ་གཅིག་ནི་།

གཉིས་པ་དེ་ལ་ཅུང་ཟད་དཔྱད་པ་ནི།

གཉིས་པ་བླ་མ་རྗེ་བཙུན་པ་ཆེན་པོའི་དགོངས་པ་ལེགས་པར་བཤད་པ་ནི།

གསུམ་པ་གྲུབ་པ་བརྙེས་པ་ནི་།

གཉིས་པ་ལམ་རྒྱུད་ཉིད་ཀྱི་དམན་མཆོག་གི་བགྲོད་ཚུལ་ལ་སྡོམ་དུ་བརྗོད་ན། བྱ་བའི་རྒྱུད། རྣལ་འབྱོར་གྱི་རྒྱུད་གཉིས་ལས། དེའི་དང་པོ་༼བྱ་བའི་རྒྱུད་༽ནི།

གཉིས་པ་༼རྣལ་འབྱོར་གྱི་རྒྱུད་༽ནི།

དེ་ལྟར་རྒྱུད་སྡེ་རྣམ་པ་བཞིར་གནས་པ་ལ་བྱ་བའི་རྒྱུད་ལ་འཇུག་སྒོ་དབང་གི་ཁྱད་པར། བསྲུང་བྱ་དམ་ཚིག་དང་སྡོམ་པའི་ཁྱད་པར། སྒོམ་པར་བྱ་བ་ལ་མངོན་པར་རྟོགས་པའི་ལམ་གྱི་ཁྱད་པར། བགྲོད་བྱ་ས་དང་ལམ་གྱི་ཁྱད་པར། དེ་རྣམས་བརྗོད་བྱར་གྱུར་པའི་རྗོད་བྱེད་རྒྱུད་ཀྱི་ཁྱད་པར་རྣམས་ལས། དང་པོ་༼བྱ་བའི་རྒྱུད་ལ་འཇུག་སྒོ་དབང་གི་ཁྱད་པར༽ནི།

གཉིས་པ་བསྲུང་བྱ་དམ་ཚིག་དང་སྡོམ་པའི་ཁྱད་པར་ལ་སྡོམ་པ་འཛིན་པའི་ཚུལ་དང༌། གཟུང་ནས་ཇི་ལྟར་བསྲུང་བའི་དམ་ཚིག་དང་སྡོམ་པའི་ངོ་བོའོ། །དང་པོ་༼སྡོམ་པ་འཛིན་པའི་ཚུལ་༽ནི།

གཉིས་པ་དམ་ཚིག་དང་སྡོམ་པའི་ངོ་བོ་ལ་གཉིས། རྒྱུད་སྡེ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྩ་བའི་དམ་ཚིག་ཆེན་པོ་བཞི་དང༌། སོ་སོའི་ཁྱད་པར་གྱི་དམ་ཚིག་གོ །དང་པོ་༼རྒྱུད་སྡེ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྩ་བའི་དམ་ཚིག་ཆེན་པོ་བཞི་༽ནི།

གཉིས་པ་ཁྱད་པར་གྱི་དམ་ཚིག་ལ་རྒྱུད་སྡེ་བཞི་གར་ཐུན་མོང་གི་དམ་ཚིག་དང༌། ཐུན་མོང་མ་ཡིན་པའི་དམ་ཚིག་ལས། དང་པོ་༼རྒྱུད་སྡེ་བཞི་གར་ཐུན་མོང་གི་དམ་ཚིག་༽ནི།

གཉིས་པ་ཐུན་མོང་མིན་པ་ནི།

གསུམ་པ་སྒོམ་པར་བྱ་བ་མངོན་པར་རྟོགས་པའི་ལམ་གྱི་ཁྱད་པར་ལ་བཞི།

དེ་ཡང་འཇུག་པའི་སྤྱོད་པ་དང༌། སྦྱོར་བའི། སྒྲུབ་པའི། གྲུབ་པའི་མཐའི་འབྲས་བུ་སྤྱོད་པ་རྣམས་ལས། དང་པོ་༼སྦྱོར་བ་༽ནི།

གཉིས་པ་༼སྒྲུབ་པ་༽ནི།

གསུམ་པ་༼གྲུབ་པ༽ནི།

གསུམ་པ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ལ་སྤྱི་དང༌། ཁྱད་པར་གཉིས་ལས། དང་པོ་༼བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ལ་སྤྱི་༽ནི།

གཉིས་པ་ཁྱད་པར་ནི།

བཞི་པ་གྲུབ་པའི་མཐའི་འབྲས་བུའི་སྤྱོད་པ་ལ་གཉིས། གནས་སྐབས་དང༌། མཐར་ཐུག་གོ །དང་པོ་༼གནས་སྐབས་༽ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ཐུན་མོང་ནི།

གཉིས་པ་༼ཐུན་མོང་མ་ཡིན་པ་༽ནི།

གཉིས་པ་མཐར་ཐུག་གི་འབྲས་བུ་ནི།

བཞི་པ་ལམ་ཇི་ལྟར་བགྲོད་པའི་ཚུལ་ལ།

ལྔ་པ་རྗོད་བྱེད་རྒྱུད་ཀྱི་ཁྱད་པར་ལ།

གཉིས་པ་སྤྱོད་པའི་རྒྱུད་ལ་འཇུག་སྒོ་དབང༌། བསྲུང་བྱ་དམ་ཚིག་དང་སྡོམ་པ། སྒོམ་པར་བྱ་བ་མངོན་པར་རྟོགས་པ། བགྲོད་པར་བྱ་བའི་ས་དང་ལམ་གྱི་ཁྱད་པར། དེ་རྣམས་བརྗོད་བྱར་གྱུར་པའི་རྗོད་བྱེད་ཀྱི་རྒྱུད་ཀྱི་ཁྱད་པར་ཏེ་ལྔ་ལས། དང་པོ་༼སྤྱོད་པའི་རྒྱུད་ལ་འཇུག་སྒོ་དབང༌༽ནི།

གཉིས་པ་༼བསྲུང་བྱ་དམ་ཚིག་དང་སྡོམ་པ་༽ལ་དམ་ཚིག་ཇི་ལྟར་བཟུང་བའི་ཚུལ་དང༌། བསྲུང་བྱའི་དམ་ཚིག་གི་ངོ་བོ་གཉིས་ལས། དང་པོ་༼དམ་ཚིག་ཇི་ལྟར་བཟུང་བའི་ཚུལ་༽ནི།

གཉིས་པ་དམ་ཚིག་ངོ་བོ་ནི། སྤྱི་དང་ཁྱད་པར་བ་གཉིས་ལས། དང་པོ་༼སྤྱི་༽ནི།

གཉིས་པ་༼ཁྱད་པར་བ་༽ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་༼ཐུན་མོང་༽ནི།

གཉིས་པ་ཐུན་མོང་མ་ཡིན་པ་ནི།

གསུམ་པ་སྒོམ་བྱ་རྒྱུད་མངོན་པར་རྟོགས་པའི་ཁྱད་པར་ལ་གསུམ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། གྲུབ་པའི་སྤྱོད་པ་གསུམ་ལས། དང་པོ་༼འཇུག་པའི་སྤྱོད་པ་༽ལ་ཕྱི་དང་ནང་གཉིས། དེའི་དང་པོ་ཕྱིའི་འཇུག་པའི་སྤྱོད་པ་ནི།

གཉིས་པ་ནང་གི་འཇུག་པའི་སྤྱོད་པ་ལ།

གཉིས་པ་སྦྱོར་བའི་སྤྱོད་པ་ལ་ཡང་ཕྱི་དང་ནང་གཉིས་ལས། དང་པོ་༼ཕྱི་༽ནི།

གཉིས་པ་ནང་གི་ནི།

གསུམ་པ་གྲུབ་པའི་སྤྱོད་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་༼ཐུན་མོང་༽ནི།

གཉིས་པ་༼ཐུན་མོང་མ་ཡིན་པ་༽ནི་།

བཞི་པ་བགྲོད་བྱ་ས་དང་ལམ་གྱི་ཁྱད་པར་ནི།

གསུམ་པ་རྣལ་འབྱོར་གྱི་རྒྱུད་ལ་འཇུག་སྒོ་དབང༌། བསྲུང་བྱ་དམ་ཚིག་དང་སྡོམ་པ། སྒོམ་པར་བྱ་བ་ལམ་གྱི་མངོན་པར་རྟོགས་པ། བགྲོད་བྱ་ས་དང་ལམ། དེ་རྣམས་བརྗོད་བྱར་གྱུར་པའི་བརྗོད་བྱེད་རྒྱུད་ཀྱི་ཁྱད་པར་ཏེ་ལྔ་ལས། དང་པོ་༼འཇུག་སྒོ་དབང༌༽ནི།

གཉིས་པ་སློབ་དཔོན་གྱི་དབང་དྲུག་ནི།

གཉིས་པ་བསྲུང་བྱ་དམ་ཚིག་དང་སྡོམ་པའི་རྣམ་བཞག་ལ་གཉིས། བཤད་རྒྱུད་གཙོ་བོར་བྱས་པ་རིགས་ལྔའི་དམ་ཚིག་གམ་སྡོམ་པའི་རྣམ་པར་བཞག་པ་དང༌། རྩ་རྒྱུད་གཙོ་བོར་བྱས་པ་ལྷ་ལྔའི་དམ་ཚིག་གོ །དང་པོ་༼བཤད་རྒྱུད་གཙོ་བོར་བྱས་པ་རིགས་ལྔའི་དམ་ཚིག་གམ་སྡོམ་པའི་རྣམ་པར་བཞག་པ་༽ལ་གཉིས། དམ་ཚིག་ཇི་ལྟར་བཟུང་བའི་ཚུལ་དང༌། བསྲུང་བྱ་དམ་ཚིག་གི་ངོ་བོ་བཤད་པ་གཉིས་ལས། དང་པོ་༼དམ་ཚིག་ཇི་ལྟར་བཟུང་བའི་ཚུལ་༽ནི།

དེ་ནས་གཉིས་པ་དམ་ཚིག་གི་ངོ་བོ་ལ་གཉིས། བསྒྲུབ་པ་དང༌། དགག་པའོ། །དང་པོ་༼བསྒྲུབ་པ་༽ནི།

གཉིས་པ་༼དགག་པ་༽ནི།

གཉིས་པ་ལྷ་ལྔའི་དམ་ཚིག་ལ་ལྷ་ནི་དེ་པ།

གསུམ་པ་བསྒོམ་བྱ་ལམ་གྱི་མངོན་པར་རྟོགས་པའི་ཁྱད་པར་ལ་གཉིས། བསྙེན་པ་དང༌། སྒྲུབ་པ་གཉིས་ལས། དང་པོ་༼བསྙེན་པ་༽ནི།

དེ་ནས་གཉིས་པ་སྒྲུབ་པའི་རིམ་པ་ལ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་ལ་གཙོ་བོར་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲུབ་པ་དང༌། དངོས་གྲུབ་གཉིས་ཀ་སྒྲུབ་པར་བྱེད་པ་བཟླས་བརྗོད་ལ་བརྟེན་ཏེ་སྒྲུབ་པ་གཉིས། །དང་པོ་༼འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་ལ་གཙོ་བོར་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲུབ་པ་༽ནི།

གཉིས་པ་བཟླས་བརྗོད་ལ་བརྟེན་ནས་བསྒྲུབ་པ་ལ་གཉིས། དབང་རྣོན་རྡོར་བཟླས་ལ་བརྟེན་ནས་སྒྲུབ་པ་དང༌། རྟུལ་པོ་ཚིག་གི་ཟློས་པ་ལ་བརྟེན་པ་གཉིས་ལས། དང་པོ་ཀུན་རྫོབ་དམིགས་བཅས་དང༌། དོན་དམ་དམིགས་མེད་གཉིས་ལས། དང་པོ་༼ཀུན་རྫོབ་དམིགས་བཅས་༽ནི།

གཉིས་པ་དོན་དམ་དམིགས་མེད་ནི།

གཉིས་པ་དབང་རྟུལ་ཚིག་གི་བཟླས་པ་ནི།

བཞི་པ་ས་ལམ་བགྲོད་ཚུལ་ནི།

ལྔ་པ་དེ་རྣམས་བརྗོད་བྱར་གྱུར་པའི་རྗོད་བྱེད་རྒྱུད་ཀྱི་ཁྱད་པར་ལ་རྩ་བའི་རྒྱུད། བཤད་པའི་རྒྱུད། ཆ་མཐུན་གྱི་དང་གསུམ་དུ་སློབ་དཔོན་ཀུན་སྙིང་གིས་བཤད་དེ། དེའི་རྩ་རྒྱུད་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།