རྟེན་འབྲེལ་གྱི་གནད་བསྡུས་ཆིག་ཆོག་མའི་ཞལ་གདམས་དང་རྟེན་འབྲེལ་གྱི་ཁྲིད་ཀྱི་ཞལ་གདམས་བཞུགས་སོ།།

Quintessential Words of Advice for the Practice of Interdependent Origination

དཔེ་དེབ་འདིར་རྟེན་འབྲེལ་གྱི་གནད་དམ་སྙིང་ཕྱུང་བ། ཆིག་ཆོག་མ་ཞེས་བྱ་བའི་ཞལ་གདམས་བཀའ་རྒྱ་མ་ལ། དང་པོ་གཅིག་པུར་རི་ཁྲོད་དུ་སྡོད་ཚུགས་པ་དང་མི་ཚུགས་པའི་སྐྱོན་ཡོན། གཉིས་པ་ལུས་ངག་ཡིད་གསུམ་གྱི་བྱ་བ་གཏང་མི་གཏང་གི་སྐྱོན་ཡོན། གསུམ་པ་ཆོག་ཤེས་ཡོད་མེད་ཀྱི་སྐྱོན་ཡོན། བཞི་པ་ཕྱི་ལོངས་སྤྱོད་དང་ནང་སེམས་ཅན་ལ་འདོད་པ་ཟད་པ་སྟེ། རྟེན་འབྲེལ་གྱི་གནད་རྣམས་དོན་བཞིར་བསྡུས་ནས་གདམས་པ་དང་། ཆོས་ཚན་གཉིས་པ་རྗེ་རྒྱལ་བ་རྒོད་ཚང་པས་མཛད་པའི་རྒྱུ་འབྲེས་རྟེན་འབྲེལ་གྱི་ཁྲིད་ཀྱི་ཞལ་གདམས་ལ། རང་ཉིད་སངས་རྒྱས་ནས་འགྲོ་དོན་བྱེད་པའི་དུས་སུ་ཞིང་ཁམས་ཡོངས་སུ་དག་པ་དང་། གདུལ་བྱ་ཡོངས་སུ་དག་པ་དང་། བདག་ཉིད་སྐུ་ཚེ་དང་ལོངས་སྤྱོད་འཁོར་གྱི་རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར་དུ་ཕྲིན་ལས་བཞིའི་སྒོ་ནས་ཞིང་བསམ་དངོས་གསུམ་གྱིས་རྟེན་འབྲེལ་བསྒྲིག་པའི་ཚུལ་ཏེ། ལེགས་ཚོགས་རྟེན་འབྲེལ་གྱི་ཁྲིད་ཐུགས་ལ་བཏགས་པའི་ཞལ་གདམས་སོ།།

རྟེན་འབྲེལ་གྱི་གནད་བསྡུས་ཆིག་ཆོག་མའི་ཞལ་གདམས་བཞུགས་སོ།།

༄༅། །རྟེན་འབྲེལ་གྱི་ཁྲིད་ཀྱི་ཞལ་གདམས་རྗེ་རྒོད་ཚང་པས་མཛད་པ་བཞུགས་སོ།།

No Outline Available

Other Volumes in This Series: