རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་རྣམ་ཐར་ལེགས་བཤད་ནོར་བུའི་ཕྲེང་བ་བཞུགས་སོ།།

Jewel Garland Discourse: A Biography of the Victor Gotsangpa Gonpo Dorje

འགྲོ་མགོན་གཙང་པ་རྒྱ་རས་ལ་རང་མཉམ་གྱི་བུ་ཆེན་དྲུག་ཡོད་པའི་ནང་ནས། མཁྱེན་པ་དང་ཉམས་རྟོགས་མཐར་ཕྱིན་པ་ནི་རྗེ་རྒོད་ཚང་པ་དགོན་པོ་རྡོ་རྗེ་ཡིན་པར་གྲགས། སྐྱེས་བུ་དམ་པ་དེའི་རྣམ་ཐར་འདི་ནི། སློབ་མ་སློབ་དཔོན་བྱང་དཔལ། སློབ་དཔོན་དབང་ཕྱུག་རྒྱལ་མཚན། སློབ་དཔོན་བྱང་ཆུབ་འོད། བྱང་སེམས་ཤེར་གཞོན། རྒྱལ་ཐང་པ་བདེ་ཆེན་རྡོ་རྗེ་སོགས་ཀྱིས་མཛད་པའི་རྣམ་ཐར་རྒྱས་བསྡུས་མང་པོ་བཞུགས་པ་དེ་དག་ལ་གཞི་བྱས་ཏེ། རང་བཟོ་དང་ཀུན་སློང་གི་ཕྱོགས་རིས་སྤངས་ཏེ། གོ་བདེ་བའི་ཕྱིར་གྲུབ་པའི་བསྟི་གནས་འབྲོག་ལ་ཕྱི་གངས་ཀྱི་ར་བར་ལྡོམ་བུའི་རྣལ་འབྱོར་པ་སངས་རྒྱས་དར་པོས་མཛད་པའོ།།

No Table of Contents Available

གནས་སྐབས་དང་མཐར་ཐུག་གི་དགོས་འདོད་མ་ལུས་པར་འབྱུང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལེན་པར་བྱེད་པ་ལ། སྤྱི་དོན་རྣམ་པ་གཉིས་ཏེ། ཐུན་མོང་གི་མཛད་པ་དང་། ཐུན་མོང་མ་ཡིན་པ་མཆོག་གི་མཛད་པ་གཉིས་ལས། དང་པོ། ཐུན་མོང་གི་མཛད་པ་ལ་གསུམ།

ཞིང་གང་དུ་བྱོན་ཅིང་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་ནས་ཡུམ་གྱིས་བོར་ཏེ་འོ་བརྒྱལ་ཅུང་བཞེས་ཚུལ། འཇིག་རྟེན་གྱི་སྣང་བ་དང་མཐུན་ཕྱིར་གླུ་གར་བྲོ་གསུམ་གྱིས་སྣང་བ་རོལ་མོར་བསྒྱུར་ནས་མྱ་ངན་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ཅིང་པག་ཤི་མཛད་ཚུལ། སྔོན་སྦྱངས་ལས་འཕྲོ་སད་ནས་ཤེས་བྱའི་སྒྲོ་འདོགས་གཅད་ཕྱིར་ཐོས་པ་མཛད་ཚུལ་དང་གསུམ་ལས།

དང་པོ་ཞིང་གང་དུ་བྱོན་ཞིང་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་ནས་ཡུམ་གྱིས་བོར་ནས་འོ་བརྒྱལ་ཅུང་ཟད་བཞེས་ཚུལ་ནི།

གཉིས་པ་འཇིག་རྟེན་གྱི་སྣང་བ་དང་མཐུན་ཞིང་གླུ་གར་བྲོ་གསུམ་གྱི་སྒོ་ནས་སྣང་བ་རོལ་མོར་བསྒྱུར་ཅིང་། མྱ་ངན་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ཏེ། པག་ཤི་མཛད་ཚུལ་ནི།

གསུམ་པ་སྦྱངས་པའི་ལས་སད་ནས་ཤེས་བྱའི་སྒྲོ་འདོགས་གཅད་ཕྱིར་ཐོས་པ་མཛད་ཚུལ་ནི།

གཉིས་པ་ཐུན་མོང་མ་ཡིན་པ་མཆོག་གི་མཛད་པ་ལ་བཞི། རྟེན་འབྲེལ་སྨོན་ལམ་གྱིས་མཚམས་སྦྱར་ཏེ་མཚན་ལྡན་གྱི་བླ་མ་རྣམས་དང་མཇལ་ནས་གདམས་ངག་གི་སྒྲོ་འདོགས་བཅད་ཚུལ་དང་། འཇིག་རྟེན་བློས་བཏང་ཞིང་གནས་ཆེན་རྣམས་སུ་དམ་བཅའ་སྣ་ཚོགས་ཀྱི་སྒོ་ནས་དཀའ་བ་དཔག་མེད་སྤྱད་དེ་ཐུགས་རྒྱུད་ལ་ཉམས་དང་རྟོགས་པ་འཁྲུངས་ཚུལ། སྟོང་ཉིད་སྙིང་རྗེ་མངོན་དུ་གྱུར་ཅིང་གཞན་དོན་གྱི་གཏེར་ཁ་ཕྱེ་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད་ཅིང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་ཚུལ། བསྟན་པ་དང་སེམས་ཅན་གྱི་དོན་མཛད་ནས་རྟག་འཛིན་ཅན་རྣམས་ཚེ་འདིའི་སྣང་བ་ལ་བློ་བཟློག་ཕྱིར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་ལོ།། །།

དང་པོ་རྟེན་འབྲེལ་སྨོན་ལམ་གྱི་མཚམས་སྦྱར་ཏེ་མཚན་ལྡན་གྱི་བླ་མ་རྣམས་དང་མཇལ་ནས་གདམས་ངག་གི་སྒྲོ་འདོགས་བཅད་ཚུལ་ལ་བྱེ་བྲག་དང་སྤྱི་དོན་གཉིས་ལས། བྱེ་བྲག་ནི།

གཉིས་པ་སྤྱིའི་བླ་མ་རྣམས་དང་མཇལ་ཚུལ་ནི།

གཉིས་པ་ནི་འཇིག་རྟེན་བློས་བཏང་ནས་གནས་ཆེན་རྣམས་སུ་དམ་བཅའ་སྣ་ཚོགས་ཀྱིས་སྒོ་ནས་དཀའ་བ་དཔག་མེད་སྤྱད་དེ་ཐུགས་རྒྱུད་ལ་ཉམས་རྟོགས་འཁྲུངས་ཚུལ་ནི།

གསུམ་པ་སྟོང་ཉིད་སྙིང་རྗེའི་དོན་མངོན་དུ་གྱུར་ནས་གཞན་དོན་གྱི་གཏེར་ཁ་ཕྱེ་སྟེ། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་ཚུལ་ལ་བཞི། རྟོགས་པའི་མཁའ་ལ་ཐུགས་རྗེའི་རྟ་བདུན་ཤར་ཏེ་གདུལ་བྱ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ཕྱིར་ཟབ་མོའི་ཆོས་འཁོར་སྔ་ཕྱི་ངེས་མེད་དུ་བསྐོར་ཞིང་སྦས་པའི་གནས་ཆེན་རྣམས་སུ་དགོན་པའི་ས་བཅད་མཛད་ཚུལ། སྟོང་ཉིད་ཀྱི་རྒྱ་མཚོ་ལ་སྙིང་རྗེའི་རྦ་ཀློང་འཁྲུགས་ཏེ་མཁྱེན་གཉིས་ཀྱི་སྒོ་ནས་ཞུས་ལན་དང་གསུང་སྒྲོས་ལ་བརྟེན་ནས་ཞལ་གདམས་སྣ་ཚོགས་བྱོན་ཚུལ། ནང་རྡོ་རྗེ་ལུས་ཀྱི་གནས་ཚུལ་རྟོགས་ཤིང་མགྲིན་པ་ལོངས་སྤྱོད་ཀྱི་རྩ་ཁ་བྱེ་བ་ལ་བརྟེན་ནས། གསུང་རབ་མདོ་སྡེ་བཅུ་གཉིས་ཀྱི་དགོངས་དོན་རྡོ་རྗེའི་མགུར་སྔ་ཕྱི་ངེས་མེད་དུ་གསུངས་ཚུལ། རང་དོན་དུ་ཆོས་སྐུ་མངོན་དུ་གྱུར་ནས་གཞན་དོན་དུ་དམིགས་མེད་སྙིང་རྗེའི་གཟུགས་སྐུའི་ས་བོན་མངོན་དུ་མཛད་པ་ལ་བརྟེན་ནས་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་བསྟན་པ་འཛིན་པའི་ཐུགས་སྲས་བུ་ཆེན་རྣམས་བྱོན་ཚུལ་ལོ། །

དང་པོ་རྟོགས་པའི་མཁའ་ལ་ཐུགས་རྗེའི་རྟ་བདུན་ཤར་ཏེ། གདུལ་བྱ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ཕྱིར་ཟབ་མོའི་ཆོས་འཁོར་བསྐོར་ཞིང་སྦས་པའི་གནས་ཆེན་རྣམས་སུ་དགོན་པའི་ས་བཅད་མཛད་ཚུལ་ནི།

གཉིས་པ་སྟོང་ཉིད་ཀྱི་རྒྱ་མཚོ་ལ་སྙིང་རྗེའི་རྦ་ཀློང་འཁྲུགས་ཏེ། མཁྱེན་གཉིས་ཀྱི་སྒོ་ནས་ཞུས་ལན་དང་གསུང་སྒྲོས་ལ་བརྟེན་ནས་ཞལ་གདམས་སྣ་ཚོགས་བྱོན་ཚུལ་ནི།

གསུམ་པ་ནང་རྡོ་རྗེ་ལུས་ཀྱི་གནས་ལུགས་རྟོགས་པས། མགྲིན་པ་ལོངས་སྤྱོད་ཀྱི་རྩ་ཁ་བྱེ་བ་ལ་བརྟེན་ནས་གསུང་རབ་མདོ་སྡེ་བཅུ་གཉིས་ཀྱི་དགོངས་དོན་རྡོ་རྗེ་མགུར་སྔ་ཕྱི་ངེས་མེད་དུ་གསུངས་ཚུལ་ནི།

བཞི་པ་རང་དོན་ཆོས་སྐུ་མངོན་དུ་གྱུར་ཅིང་། གཞན་དོན་དུ་དམིགས་མེད་ཀྱི་སྙིང་རྗེའི་གཟུགས་སྐུ་མངོན་དུ་མཛད་པ་ལ་བརྟེན་ནས། གདུལ་བྱ་སྨིན་གྲོལ་ལ་འགོད་པའི་བསྟན་པ་འཛིན་པའི་ཐུགས་སྲས་བུ་ཆེན་རྣམས་བྱོན་ཚུལ་ནི།

བཞི་པ་བསྟན་དང་སེམས་ཅན་གྱི་དོན་མཛད་ནས། རྟག་འཛིན་ཅན་རྣམས་བློ་ལྡོག་ཕྱིར། གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་ནི།

Other Volumes in This Series: