བླ་མ་མོས་གུས་ཀྱི་ཁྲིད་ཡིག་དགོས་འདོད་ཀུན་འབྱུང་དང་ཆོས་རྗེ་འབྲུག་པའི་ཁྱད་ཆོས་བླ་མ་མོས་གུས་ཀྱི་ཞལ་གདམས་ཞེས་བྱ་བ་བཞུགས་སོ།།

Wish-Fulfilling Teaching on Generating Devotion to Gurus and Instructions on the Drukpa Kagyu Masters' Unique Pith Instruction on Guru Devotion

འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་སྣོད་ལྡན་གྱི་སློབ་མ་ཟབ་མོའི་ལམ་དུ་འཛུད་པར་བྱེད་པ་ལ་ཁྱད་དུ་འཕགས་པའི་ཟབ་ཁྲིད་བརྒྱད་གསུངས་པ་ཀུན་གྱི་ཐོག་མར་འགྲོ་བ། བརྒྱུད་པ་འདི་ལ་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པ་ནི་བླ་མ་སངས་རྒྱས་སྐུ་གསུམ་གྱི་ངོ་བོར་ཤེས་པའི་མོས་གུས་ལས་གཞན་མ་ཡིན་པས། མོས་གུས་ཚད་ལྡན་གྱི་སློབ་མ་ལ་རབ་བསྟན་རྟོགས་དུས་མཉམ་དུ་འབྱུང་བའམ་བསྟན་ཡང་མི་དགོས་པར་བླ་མའི་ཞལ་མཇལ་བ་ཙམ་གྱིས་རྒྱུད་གྲོལ་ནུས་པས་མོས་གུས་གཅིག་པུས་ཆོག་པ་ཡིན་ཅེས་རྗེ་རྒྱ་རས་པས་གསུངས་ཤིང་། གང་ཟག་རིམ་སྐྱེས་པའི་དབང་དུ་བྱས་ནས་ལམ་ཚང་ལ་མ་ནོར་བའི་ཁྲིད་ཆེན་བརྒྱད་མཛད་པ་ལ། འདིར་རྗེས་རྒྱ་རས་པའི་དངོས་སློབ་རྒྱལ་བ་རྒོད་ཚང་པས་ཐོག་མར་མོས་གུས་ཇི་ལྟར་བསྐྱེད་ཚུལ་ནས་བརྩམས་དེ་བླ་མ་མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ངོ་བོར་ཇི་ལྟར་བསྒོམ་ཚུལ་གསལ་བར་བསྟན་པའི་ཟབ་ཁྲིད་བླ་མ་མེད་པ་ཞིག་གོ།

༄༅། །བླ་མ་མོས་གུས་ཀྱི་ཁྲིད་ཡིག་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་རྒྱལ་བ་རྒོད་ཚང་པས་མཛད་པ་བཞུགས་སོ།།

༄༅། །ཆོས་རྗེ་འབྲུག་པའི་ཁྱད་ཆོས་བླ་མ་མོས་གུས་ཀྱི་ཞལ་གདམས་རྗེ་རྒོད་ཚང་པས་མཛད་པ་བཞུགས་སོ།།

༄༅། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།

No Outline Available

Other Volumes in This Series: