བྱམས་ཁྲིད་ཀྱི་རྩ་བ་རྗེ་རྒོད་ཚང་པ་ཆེན་པོས་མཛད་པ་བཞུགས་སོ།།

Root of the Practice of Compassion composed by Je Gotsangpa

འགྲོ་མགོན་རྒྱ་རས་པ་ལ་ཁྲིད་ཆེན་བརྒྱད་ཡོད་པ་ལས་གཞན་དོན་ལ་གལ་ཆེ་བ་བྱམས་སྙིང་རྗེའི་ཁྲིད་ཀྱི་སྐབས་སུ་བྱམས་པའི་སེམས། སྙིང་རྗེའི་སེམས། ལྷག་བསམ་རྣམ་དག སྨོན་པ་བྱང་ཆུབ་ཀྱི་སེམས། འཇུག་པ་བྱང་ཆུབ་ཀྱི་སེམས། དོན་དམ་བྱང་ཆུབ་ཀྱི་སེམས། བླ་ན་མེད་པའི་བྱང་ཆུབ་བཅས་དོན་བདུན་དུ་ཕྱེས་ཤིང་ཡས་མས་ཀྱི་མཚམས་སྦྱོར་གྱི་དབང་དུ་བྱས་ནས་གསུངས་པའི་མན་ངག་གཞིར་བཟུང་ནས། འདིར་རྗེ་རྒྱལ་བ་རྒོད་ཚང་པས་བྱམས་པའི་ངོ་བོ་ངོས་བཟུང་ཚུལ། དེ་བསྐྱེད་པའི་ཐབས། མ་སྐྱེས་པའི་སྐྱོན། སྐྱེས་པའི་ཕན་ཡོན། དེའི་དམ་ཚིག་སྲུང་ཐབས། དེའི་བྱེད་ལས། དེའི་འགམ་སྤྱོད། མཐར་ཐུག་པའི་སྐྱེལ་ས་བཅས་དོན་བརྒྱད་ཀྱི་སྒོ་ནས་རང་གཞན་སྣོད་བཅུད་སོགས་ལ་དམིགས་ཏེ་བྱམས་དང་སྙིང་རྗེ་བསྒོམ་པའི་ཐབས་ཚུལ་གསུངས་པ་འདི་ནི་བྱམས་ཁྲིད་ལ་འདི་ལས་ཟབ་པ་མེད་པར་གྲགས་པ་ཤིན་ཏུ་ཟབ་པའི་གདམས་ཁྲིད་དོ།།

No Table of Contents Available

No Outline Available

Other Volumes in This Series: