ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། གནད་ཀྱི་ཡི་གེ་དང་བཅས་པ་བཞུགས་སོ།།

A Teaching on Coemergent Mahamudra and Notes on Its Essential Points

དེ་ཡང་རྗེ་རྒྱ་རས་པས། ཕྱག་རྒྱ་ཆེན་པོ་འདི་ལ་གསུམ་ཆ་གསུམ་གནས་ཏེ། ཆ་གཅིག་ལུས་ཀྱི་འཁྲུལ་འཁོར་ལ་རག་ལུས། ཆ་གཅིག་བླ་མའི་བྱིན་རླབས་ལ་རག་ལུས། ཆ་གཅིག་སེམས་ཀྱི་འཇོག་ཐབས་ལ་རག་ལུས་གསུངས་པ་ལྟར། རྒྱལ་བ་རྒོད་ཚང་པས་མཛད་པའི་གསུང་རབ་འདི་ནི། རང་གི་སེམས་ཉིད་རྟོགས་པས་འཁོར་བའི་རྒྱ་མཚོ་ལས་རྒལ་ཏེ་བླ་མེད་བྱང་ཆུབ་ཏུ་རེག་པ་ལ་ཐོག་མར་ལུས་ཀྱི་འཁྲུལ་འཁོར་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པའི་སྒོ་ནས། ཚེ་འདི་བློས་གཏང་། བསླབ་པ་གསུམ་གྱི་དམ་ཚིག་བསྲུང་། བླ་མ་ལ་སངས་རྒྱས་དངོས་སུ་བལྟ་བའི་མོས་གུས་བྱ་བ་སོགས་ཐབས་ཟབ་མོས་རྣམ་རྟོག་ཕྲ་རག་བཀག་ནས། ཚོགས་དྲུག་གི་སྣང་བ་ཅི་ཡང་རང་སེམས་སྟོང་པའི་ཆོ་འཕྲུལ་དུ་ཤེས་ནས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ་གཉིས་སུ་མེད་ཅིང་ཐ་མི་དད་པའི་གཤིས་ལུགས་ཟབ་མོ་ཆུ་དང་ཆབ་རོམ་སོགས་ཀྱི་དཔེས་ངོ་སྤྲོད་ཅིང་། སེམས་ཉིད་ཕྱག་རྒྱ་ཆེན་པོ་ཆོས་སྐུ་ལྷན་ཅིག་སྐྱེས་པ་ལ་སྦྱོར་བའི་ཁྲིད་ཡིག་ཤིན་ཏུ་ཟབ་པའོ།།

No Table of Contents Available

No Outline Available

Other Volumes in This Series: