ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དངོས་གཞིའི་ཁྲིད་ཡིག་ཟབ་དོན་རྒྱ་མཚོའི་ལམ་ཚང་བླ་ན་མེད་པ་ཞེས་བྱ་བ་བཞུགས་སོ།།

The Profound Ocean of the Complete Path of Excellence: An Explanation of the Actual Practice Section of Coemergent Mahamudra

བོད་གངས་ཅན་གྱི་ལྗོངས་སུ་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས། རང་རང་གི་གདུལ་བྱ་སྐལ་ལྡན་རྣམས་ལ་ལེགས་པར་གདམས་པའི་མན་ངག་ཆེན་པོ་གསུམ་དུ་གྲགས་པའི་ནང་ཚན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་བྱ་བའི་མན་ངག་འདི་ནི་ངེས་དོན་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། ཕྱག་རྒྱ་ཆེན་པོ་གཉུག་མའི་ཡེ་ཤེས་ལ་སྦྱོར་བའི་ཐབས་བླ་ན་མེད་པ། སྐལ་ལྡན་གྱི་སྐྱེས་བུ་རྣམས་ཚེ་གཅིག་གིས་ཆོས་སྐུའི་རྒྱལ་སར་མྱུར་ཞིང་བདེ་བར་འདྲེན་པའི་ཐབས་བླ་ན་མེད་པ་ལ་འདིར་དེ་ཉིད་ཀྱི་ཚིག་དོན་དཀའ་བ་རྣམས་གོ་བདེ་བར་བྱས་ཏེ་བཤད་པའོ།།

No Table of Contents Available

No Outline Available

Other Volumes in This Series: