ཕྱག་ཆེན་ཟླ་བའི་འོད་ཟེར།

Moonbeams of Mahamudra

ཆོས་རྒྱལ་དྭགས་པོ་ལྷ་རྗེས། ཐོས་བསམ་སྒོམ་གསུམ་ཕྲུག་མར་བྱེད་པ་ནི་ཆོས་ཀྱི་གནད་མ་ནོར་བ་ཡིན་ནོ། །ཞེས་གསུངས་པ་བཞིན་ཉམས་ལེན་སྙིང་པོར་བྱ་བ་ལ་ཡུལ་གསུང་རབ་མང་དུ་མཆིས་པ་ལས་དྭགས་རམ་པ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་བསྟན་བཅོས་ཕྱག་ཆེན་ཟླ་བའི་འོད་ཟེར་འདི་ཉིད་མཆོག་ཏུ་གྱུར་བ་ཡིན་ཏེ། ཐུན་མོང་དང་ཐུན་མིན་གྱི་རིམ་པ་གཉིས་སུ་ཕྱེ་ནས་གསུངས་པས་གདུལ་བྱ་རིམ་གྱིས་པའི་ནུས་ཚོད་དང་མཐུན་པས་སླ་བའི་གོ་རིམ་དུ་ངེས་པ་དང༌། ཧ་ཅང་རྒྱས་བསྡུས་སུ་མ་ཐལ་བར་ལུང་རིགས་ཀྱིས་མཐའ་རྒྱ་ཆོད་པས་དབང་རྟུལ་ལམ་ལ་ཞུགས་པའི་གོལ་ས་སྤངས་པ་སོགས་ཁྱད་ཆོས་དུ་མས་མངོན་པར་བརྗིད་པའོ།།

ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གསལ་བར་བྱེད་པའི་ལེགས་བཤད་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།།

སེམས་དོན་སྒོམ་དགོས་པའི་རྒྱུ་མཚན།

ཏིང་ངེ་འཛིན་སྤྱིའི་སྡུད་བྱེད་ངོས་བཟུང་ཞིང་དོགས་པ་གཅོད་པ།

ཞི་གནས་ཀྱི་སྒོམ་རིམ།

ལྷག་མཐོང་གི་སྒོམ་རིམ།

Other Volumes in This Series: