དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོས་སྐོར་བཞུགས་སོ།། ༼སྨིན་གླིང་རྡོར་སེམས།༽

The Heart Accomplishment of Vajrasattva According to the Tradition of Mindroling

སློབ་དཔོན་པདྨ་འབྱུང་གནས་ཀྱིས་བརྩེ་བ་ཆེན་པོས་མ་འོངས་གདུལ་བྱ་རྣམས་ལ་ཕན་པར་བཞེད་ནས་ཟབ་མོའི་གདམས་ངག་ཇི་སྙེད་པ་བཀའ་རྒྱས་བཏབ་ནས་གཏེར་དུ་སྦས་ཤིང་མ་འོངས་གདུལ་བྱ་དུས་ལ་བབ་པ་ན་དེ་དག་རིམ་བཞིན་བཏོན་ནས་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་གཏད་རྒྱ་གཉེར་གཏད་མཛད། ཁྱད་པར་དུ་གསང་བ་ལ་ལས་ཀྱང་ཆེས་གསང་བའི་ཡང་ཟབ། མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་། དྲག་པོ་གསང་བའི་སྒྲུབ་པ་དང་། ཨ་ཏི་ཟབ་དོན་སྙིང་པོ་གསུམ་སོ་སོའི་གདམས་པ་ལེ་ལག་བཅས་པ། ཁ་ཚང་དོན་འདྲིལ་སྙིང་པོའི་བཅུད་དུ་གྱུར་པ། སྔོན་གྱི་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ། ད་ལྟའི་རྒྱལ་བའི་དགོངས་གནད། སློབ་དཔོན་པདྨ་འབྱུང་གནས་དང་མཁས་པ་བི་མ་ལ་མི་ཏྲས་ཐུགས་རྗེས་དགོངས་ནས་བསྟན་རྣམས་གཏེར་དུ་སྦས་པ་ལས་འདིར་རྡོར་སེམས་ཐུགས་སྒྲུབ་དང་དེའི་ཆ་ལག་རྣམས་དང་། ཟབ་གཏེར་གྱི་ཁ་བྱང་བཅས་གཅིག་ཏུ་བསྒྲིགས་སོ།།

No Table of Contents Available

No Outline Available

Other Volumes in This Series: