ཐུན་མོང་གི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

A Jewel Ladder: The Common Preliminary Teachings

སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་གདོད་ནས་སངས་རྒྱས་སུ་གནས་པ་མངོན་དུ་བྱེད་པ་ལ། བློ་དམན་ཐོས་བསམ་རིམ་འཇུག་གི་ལམ་ལ་བརྟེན་པ་དང། བློ་རབ་མོས་གུས་ཐོད་རྒལ་གྱི་ལམ་ནས་འཇུག་པའི་ཚུལ་གཉིས་ཀྱི་ཐོག་མ་ལ། མ་ཆགས་པ་གསུམ་ལ་བརྟེན་ནས་དོན་གཉེར་གསུམ་བསྐྱེད་དགོས་ཏེ། དེ་ལ་ཐོག་མར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསམ་པས་ཚེ་འདིའི་ཆགས་ཞེན་གྲོལ་ནས་ཕྱི་མ་མཐོ་རིས་ཀྱི་བདེ་བ་དོན་གཉེར་གྱི་བློ་བཅོས་མིན་བསྐྱེད་པ་དང་། བར་དུ་འཁོར་བའི་སྡུག་བསྔལ་དང་ལས་རྒྱུ་འབྲས་བསམ་པས་འཁོར་བའི་ཆགས་ཞེན་བྲལ་ནས་རང་ཉིད་ཐར་པའི་ལམ་ངེས་ལེགས་དོན་གཉེར་གྱི་བློ་རྣལ་མ་བསྐྱེད་པ་དང་། མཐར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་དོན་གྱི་ཆགས་ཞེན་བྲལ་ནས་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་བཅོས་མིན་བསྐྱེད་པ་སྟེ། སྐྱེས་བུ་གསུམ་གྱི་བློ་རིགས་གསུམ་རིམ་པར་བསྒོམས་ནས་ཤེས་པ་འགྱུར་བར་བྱ་བ་ནི་ལྷ་སྒོམ་སྔགས་བཟླ་སོགས་ཆོས་ཐམས་ཅད་ཀྱི་རྩ་བ་མེད་དུ་མི་རུང་བ། ཐུན་མོང་གི་སྔོན་འགྲོའི་ཆོས་ཀྱི་རིམ་པ་ཡིན་པ་དག་གསལ་བར་བྱས་པའོ།།

No Table of Contents Available

No Outline Available

Other Volumes in This Series: