༁ྃ༔ བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་བཞུགས་སོ།།

Instructions of Lamrim Yeshe Nyingpo, the Gradual Path of the Wisdom Essence from Dorje Drak Tsal's Accomplishing Guru Section

ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་པ། མངལ་གྱི་དྲི་མས་མ་གོས་པ་མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེས། སྙིགས་མའི་དུས་སུ་དཀར་ཕྱོགས་མཐུ་ཆུང་ཞིང་ནག་ཕྱོགས་མགོ་འཕང་མཐོ་བས་དམ་སྲི་མངོན་སུམ་དུ་འགྲོ་བའི་སྙིང་ལ་ཞུགས་ཏེ། སངས་རྒྱས་ཀྱི་བསྟན་དང་དེ་འཛིན་པའི་སྐྱེས་བུ་རྣམས་དང་། སེམས་ཅན་ཀུན་གྱི་བདེ་སྐྱིད་འཕྲོག་ཅིང་འཇོམས་པའི་ཕྱིར་དུ་ནད་མུག་མཚོན་འཁྲུགས་སྐལ་ངན་དུས་གཅིག་ལངས་ཤིང་། བོད་ཁམས་སྡུག་བསྔལ་རྒྱ་མཚོ་བརྡོལ་བའི་ཚེ། གནས་སྐབས་ཕྱི་ནང་བདུད་སྡེ་ཚར་གཅད་ཅིང་ཕྲིན་ལས་རྣམ་བཞི་འབད་མེད་འགྲུབ་པ་དང་། མཐར་ཐུག་ལྔ་ལྡན་སྙིང་པོ་འོད་ཀྱི་ལུས་ཡེ་ཤེས་བླ་མའི་གོ་འཕང་འཐོབ་པའི་ཐབས་སུ། ཟབ་རྒྱས་གདམས་པ་ཀུན་གྱི་སྙིང་པོའི་བཅུད་ལྟ་བུའི་རྡོ་རྗེའི་གསུང་གི་མཐར་ཐུག་པ་ལམ་གྱི་རིམ་པ་སྙིང་པོར་དྲིལ་བ་འདི་ཆོས་ཉིད་རྡོ་རྗེའི་དབྱངས་ཀྱིས་བཀའ་བསྩལ་པའོ།།

No Table of Contents Available

No Outline Available

Other Volumes in This Series: